༄༅།། རེབ་གོང་ས་ཆའི་དྲུག་པའི་ཀླུ་རོལ།


དྲུག་པའི་གླུ་རོལ་གྱི་མིང་འདོགས་སྟངས་ལ་མཁས་པ་སོ་སོའི་བཞེད་ཚུལ་མི་འདྲ་བ་ཡོད་དེ། བཤད་ཚུལ་གཅིག་ནི་རེབ་གོང་གི“དྲུག་པའི་ལྷ་ཟླ་ཆེན་མོ”ཞེས་པའི་དམངས་ཁྲོད་སྲོལ་རྒྱུན་མཆོད་པའི་དུས་ཆེན་འདི་ནི་སྣ་མང་ཕུན་སུམ་ཚོགས་པའི་མཆོད་པ་དང་རྩེད་མོ་བརྒྱུད་ནས་ལྷ་ཀླུ་གཉན་གསུམ་དགྱེས་པར་བྱེད་པའི་ཆོ་ག་ཁྱད་པར་བ་ཞིག་ཡིན་པས་དྲུག་པའི་ཀླུ་རོལ་ཞེས་ཟེར་བ་ཡིན།
ཡང་བཤད་ཚུལ་གཅིག་ལ། དབྱར་ཟླ་དྲུག་པ་ནི་མདོ་སྨད་ལྷོ་རྒྱུད་འཛིན་མའི་གཞི་རུ་ལོ་ཏོག་དང་ཤིང་འབྲས་སྣ་ཚོགས་རབ་ཏུ་སྨིན་པའི་སྒང་ཡིན་ལ། དུས་སྐབས་དེར་རེབ་གོང་ཡར་ནང་མར་ནང་གཙོ་བྱས་པའི་ས་གནས་མང་ཤས་སུ་དབྱར་གྱི་སྤྲོ་གསེང་སྤེལ་ཏེ་བོད་རང་གི་ཁྱད་ཆོས་ལྡན་པའི་གླུ་ལེན་རྩེད་མོ་སྣ་ཚོགས་ལ་དགྱེས་དགུར་རོལ་བའི་དཔེ་ཡོད་ཅིང་། སྐྱེས་ཕོ་མོ་ཀུན་གྱིས་ལུས་ལ་གཟབ་མཆོར་ཕུན་སུམ་ཚོགས་པར་སྤྲས་ནས། དགའ་བའི་གླུ་དང་སྐྱིད་པའི་བྲོ་འཁྲབ་པའི་གོམས་སྲོལ་མ་ཉམས་པར་ཡོད་པས་གླུ་རོལ་ཞེས་འབྲི་བ་ཡང་ཡོད།
2 ལྷ་རྩེད།
ལྷ་རྩེད་ནི་རྩེད་མོ་བ་སྐྱེས་བུ་དར་མ་དག་གིས་ལག་ཏུ་ལྷ་རྔ་བཟུང་སྟེ་གཡས་འཁོར་གཡོན་འཁོར་གྱིས་ཉིས་རྡུང་དང་སུམ་རྡུང་དགུ་རྡུང་ལ་སོགས་སྟངས་སྟབས་སྣ་ཚོགས་པའི་ལྷ་རྩེད་རྩེ་ཞོར་རྒྱབ་གཞུང་དང་ཁ་འགྲམ་ལ་ལྕགས་ཐུར་ལྟ་བུའི་འབིག་ཁབ་འཛེར་ནས་ཡུལ་ལྷ་གཞི་བདག་ལ་ཤ་ཁྲག་གི་མཆོད་པ་ཕུལ་ཏེ། ལྷ་རྣམས་མཉེས་པར་བྱེད་པའི་རྩེད་མོའི་རིགས་ཤིག་ཡིན།
3 ཀླུ་རྩེད།

4 དམག་རྩེད།
དམག་རྩེད་ནི་བོད་བཙན་པོའི་སྐབས་ཀྱི་དམག་ཞུགས་ཀྱི་ལོ་ཚོད་ལྟར། ལོ་བཅོ་ལྔ་ནས་བཞི་བཅུའི་བར་གྱི་སྐྱེས་པ་དག་གིས་ལག་ཏུ་དམག་དར་འཛིན་པ་དང་ཨེ་ཧ་ཨེ་ཨེ་ཨེ་ཞེས་ཀི་རིང་འདེབས་པ། གཡས་འཁོར་གཡོན་འཁོར་གྱིས་བརྗིད་ཉམས་དང་སྒེག་ཉམས་དོད་ནས་རྩེ་བ་དང་། གོས་དར་ནམ་མཁར་འཕྱར་ནས་རྩེ་བ། ན་གཞོན་རྩེད་མོ་བ་རྣམས་ཁག་གཉིས་སུ་བགོས་ནས་ཕྱིར་བཀྱེད་ནང་རུབ་བྱེད་བཞིན་རྩེ་བ། རྔོན་རྒྱག་པའི་ཉམས་དང་སྟག་མཆོང་བའི་ཉམས། བྲེ་སེར་འབྲོང་རྒོད་འགྱིང་བའི་ཉམས་བཅས་ངོམ་ནས་རྩེ་ལ། ད་དུང་ཞིང་འདེབས་པའི་ཚུལ་དང་རྒད་མོ་རྒན་མོ། ཨ་མ་ཀླུ་མོ། ཐུགས་རྗེ་ཆེན་པོའི་གར་སོགས་འཁྲབ་བཞིན་དུས་སྟོན་ལ་དགྱེས་དགུར་རོལ་ལོ། །
དོན་དངོས་ཀྱི་ལོ་རྒྱུས་ལ་སྦྱར་ན། དུས་སྟོན་དེ་ནི་སྔོན་ཁྲི་རལ་བ་ཅན་གྱི་སྐབས་སུ་རྒྱ་བོད་འཁྲུག་མཚམས་བཞག་ནས་ཞོད་འཇགས་ཀྱི་ཆབ་སྲིད་བསྐྱངས་པར་འདུམ་འགྲིག་མཛད་དེ་བཀའ་གཙིགས་རྡོ་རིང་བཙུགས་ཤིང་། ཞི་བདེའི་འཚོ་བར་སྨོན་པའི་མཐའ་སྲུང་དམག་དང་མི་དམངས་མང་ཚོགས་རྣམས་དགའ་བ་དཔག་ཏུ་མེད་པ་འཕེལ་ནས་ལག་ཏུ་མདའ་མདུང་གྲི་གསུམ་དང་རུ་དར་སྣ་ཚོགས་ཐོགས་ཏེ། དུང་འབུད་པ་དང་རྔ་རྡུང་བ་སོགས་ཀྱིས་ལྷ་ཀླུ་གཉན་གསུམ་དགྱེས་པའི་རྩེད་མོ་སྣ་ཚོགས་འཁྲབ་ཅིང་། གླུ་ལེན་གར་རྩེན་སོགས་ཡུན་རིང་བྱུང་མ་མྱོང་བའི་སྟོན་མོའི་མཛད་སྒོ་རྒྱ་ཆེན་བསྡུས་པ་ལས་རིམ་བཞིན་དེང་གི་ལྷ་རྩེད་དང་ཀླུ་རྩེད། དམག་རྩེད་བཅས་དར་བར་བཤད་དོ། །

རྐང་ཤིང་ནི་ཆ་བྱད་རྫོགས་པའི་གསར་བུ་གཉིས་རིང་ཚད་ལ་འདོམ་གང་ཙམ་ཡོད་ཅིང་། སྟག་དང་གཟིག་གི་རི་མོ་ཕབ་པའི་རྐང་ཤིང་སྟེང་བུད་དེ་རྩེ་བ་ཞིག་ཡིན་ལ། རྩེད་དུས་ལག་ཏུ་དབྱུག་པ་མཚོན་རིང་ཅན་དང་མདུང་རྩེ་གསུམ་ཅན། ལྷ་རྔ་འབྲུག་རིང་ཅན། ཅ་ལ(རལ་བ་རྫུན་མ)རེ་བཟུང་ནས་དམག་དཔོན་ཁང་གི་གྲུ་བཞི་བོར་ཕག་སྒུར་བ་ཡིན། ངག་རྒྱུན་དུ་རྒྱ་བོད་འདུམ་འགྲིག་གི་སྟོན་མོ་རྒྱ་ཆེན་བཤམས་ཏེ་གླུ་གར་ལ་རོལ་བའི་སྐབས། དར་རྒྱལ་གཡུ་མཚོ་ལས་སྟག་མགོ་ཅན་དང་གཟིག་མགོ་ཅན་གཉིས་བྱོན་ཏེ། དེ་གཉིས་རྐང་ཤིང་ལ་བུད་དེ་གླུ་གར་ལ་རོལ་བས། རྗེས་སོར་མང་ཚོགས་དང་འཁོར་འབངས་ཐམས་ཅད་ཀྱིས་དེ་དྲན་གསོ་ཡི་ཚུལ་དུ་རྐང་ཤིང་ཞེས་པ་འདི་བྱུང་བ་རེད།
6 ཨ་ཙ་ར།
ཨ་ཙ་ར། འདི་ནི་བྱིས་པ་ཆུང་ཆུང་ལྡེམ་མྱུར་ལྡན་པ་གཉིས་རྩེད་དགོས་ལ། དེ་གཉིས་ཀྱིས་དེང་སྐབས་ཞལ་ཐང་སོགས་ན་མཐོང་རྒྱུ་ཡོད་པའི་མིག་གཉིས་འབུར་ཚུགས་སུ་མངོན་ཞིང་། ཐོད་པ་འབུར་བ། རལ་བ་དཀར་པོ་ཡིན་པའི་ཆ་བྱད་ཅན། རྐང་བ་དང་ལག་པར་སིལ་སྙན་གྱི་གདུ་བུ་འདོགས་པ། ལུས་ལ་འཕུར་ལྭ་གྱོན་པ། ལག་ཏུ་དབྱུ་གུ་མཚོན་རིས་ཅན་ཐོགས་པའི་ཆ་བྱད་སྟོན་ལ། ལག་ནས་དབྱུ་གུ་བསྐོར་བ་དང་། དབྱུ་གུ་ལག་ཏུ་བཟུང་སྟེ་དེའི་ཐོག་ནས་ལྡིང་བ་སོགས་གཙོ་བོ་ལུས་ཀྱི་ལྡེམ་མྱུར་གྱི་ཆ་སྟོན་པའི་རྩེད་མོ་ཞིག་ཡིན། ཨ་ཙ་ར་ཞེས་དེབ་ཐེར་དག་ལས་རྒྱ་གར་བའི་མི་རིགས་ཤིག་ཡིན་ལ། དེར་མ་ཟད་རིགས་འདི་ཚེ་ལོ་རིང་ཞིང་དཔལ་འབྱོར་རྒྱས་པ་ཞིག་ཀྱང་ཡིན་པར་བཞེད། དེ་བས་ཀླུ་རོལ་གྱི་མཛད་སྒོ་འདི་བཀྲ་ཤིས་པ་མཚོན་པའི་དགའ་སྟོན་ཞིག་ཡིན་པས། ཨ་ཙ་རའི་རྩེད་མོ་འདི་ཡང་ཡུལ་ཕྱོགས་ཐམས་ཅད་ལ་ཚེ་རིང་ནད་མེད། དཔལ་དང་ལོངས་སྤྱོད་རྒྱས་ཤིང་བཀྲ་ཤིས་བདེ་ལེགས་འབྱུང་བའི་མཚོན་བྱེད་ཅིག་ཡིན།
7 སྐྱེས་མའི་གར།

8 ཐུགས་རྗེ་ཆེན་པོ།
ཐུགས་རྗེ་ཆེན་པོ་ནི་ཕོ་མོ་མཉམ་དུ་བསྲེས་ནས་རྩེ་བ་ཞིག་ཡིན་ལ། དེའི་རྩེད་སྟངས་ནི་རྩེད་མཁན་རྣམས་ཀྱིས་འཁར་རྔ་བརྡུངས་མཁན་གྱི་སྒྲ་དང་བསྟུན་ནས་ལག་པ་གཡས་གཡོན་བརྗེ་རེས་བྱས་ཏེ་ཡར་བཀྱགས་ནས་རྩེ་བ་དང་། ལག་པ་གཉིས་ཀ་ཡར་བཀྱགས་ནས་རྩེ་བ་དང་། ལག་པ་གཉིས་ཀ་གཡས་གཡོན་དུ་གཡུགས་ནས་རྩེ་ལ། དམག་དཔོན་ཁང་གི་གྲུ་རེ་ནས་ལུས་པོ་ལྷེམ་ཅིང་ལག་པ་མདུན་དུ་བསྲིངས་ནས་བསུ་མ་བྱེད་པའི་རྣམ་པ། མཚམས་རེར་སྐྱེས་པ་དག་གིས་དུང་འབུད་པ་བཅས་བྱེད་པའི་རྩེད་སྟངས་ཞིག་ཡིན། རྩེད་སྟངས་འདིའི་མིང་འདོགས་ཚུལ་དང་རྩེད་སྟངས་ཀྱི་ཉམས་དོད་སྟངས་ལས་དོན་བཟང་པོ་ཞིག་ལ་བསུ་མ་མཛད་པའི་རྣམ་པ་ཞིག་དང་ཐུགས་རྗེ་ཆེ་ཞུ་བའི་ཚུལ་ཞིག་རེད།

ཁ་ཕུག་པ་དང་ཚོན་རྒྱག་པ། རྒྱབ་ཕུག་པ་བཅས་ནི་སྡེ་བའི་ནང་གི་ཕོ་ལོ་ཉེར་ལྔ་ནས་སོ་ལྔའི་བར་གྱི་སྐྱེས་པ་དར་མ་རྣམས་ལ་ལྕགས་ཁབ་རྣོན་པོའི་སྣེ་མོར་གོས་སྐུད་དམར་སེར་གྱིས་བརྒྱན་པ་དག་གིས་ཁའི་གཡས་གཡོན་གྱི་འགྲམ་པ་དང་རྒྱབ་ཕུག་པ་དང་མགོ་ལ་ཕྱིང་ཞྭ་གྱོན་པ། ལག་ཏུ་ལྷ་རྔ་བཟུང་ནས་ལྷ་རྔའི་སྒྲ་དང་བསྟུན་ནས་རྩེད་པ་ཞིག་ཡིན། ངག་རྒྱུན་དུ་ཆོ་ག་འདི་ནི་སྐྱེས་ལྷ་ཨ་མྱེས་སྟག་ལུང་གི་ཆོ་ག་ཡིན་པར་བཤད། ཁ་ཕུག་ན་ཉེས་པ་ཐམས་ཅད་ཁ་ནས་འབྱུང་བའི་སྒོ་གཅོད་བྱེད་ལྟ་བུ་ཡིན་པར་བཤད་ལ། རྒྱབ་ལ་འཛེར་ནའང་རང་ལུས་ལ་ན་ཚ་སོགས་མི་འདོད་པའི་རྐྱེན་ངན་མི་འབྱུང་བར་བཤད།
10 དམར་མཆོད།
དམར་མཆོད་ནི་ཚེས་ཉེར་ལྔའི་ཉིན་གྱི་ཁྱད་པར་བའི་རྩེད་སྟངས་ཤིག་ཡིན་ལ། རྩེད་རིགས་པ་འགའི་ལག་ཏུ་གྲི་དང་ཐག་པ་བཟུང་ཏེ་འཁར་རྔ་དང་ལྷ་རྔའི་སྒྲ་དང་བསྟུན་ནས་འཇིགས་རུང་གི་ཉམས་སྟོན་ཅིང་། ལག་གི་རལ་གྲིས་ར་མའི་སྐེ་བཅད་ནས། ནང་ཁྲོལ་དེ་ཁྲག་དམར་ཙར་ཙར་ཏུ་བསང་མགོར་ཕུད། དེའི་ཁྲག་རྩེད་རིགས་པ་ཚོའི་ཐོད་པ་དང་གདོང་ལ་བྱུགས་ནས་ལྷ་རྩེད་བྱེད། །
