༄༅།།གཏམ་དཔེ་རྣ་བའི་བུ་རམ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༦ ཚེས་ ༢༠

ལྟས་ངན་པའི་སྡུག་སྐད། །
རྐུན་མ་ནང་ལ་བཞག །
སྒོ་ལྕགས་ཕྱི་ལ་བརྒྱབ། །
རྐུན་པོས་གཡག་ལ་བཞོན། །
གཡག་མགོས་རྟ་རྒྱུག་བཏང་། །
ལྐུགས་པས་སྤྱང་མདོག་བྱས། །
མངོན་གསལ་གཞན་ལས་དོད། །
སྐད་ཆར་ཆོ་མི་འདུག
སྦུད་པར་དབུགས་མི་འདུག
སྐོམ་དུས་ཆང་གིས་མ་ཕན་ན། །
རྫ་མའི་ཐེམ་བུ་རྡོལ་ཀྱང་བརྡོལ། །
སྐྱིད་པོ་ཉིས་བརྩེག་མེད་པའི། །
སྡུག་པོར་སུམ་བརྩེགས། །
སྐད་ཆ་མདུན་ལ་ཤོད། །
ལྕང་ལོ་རྒྱབ་ལ་གཡུགས། །
ཀྱག་ཀྱག་ཤིག་ལ་བྱས་ན། །
བེམ་པོ་མེས་འཚིག་ཡོང་། །
(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས།)
