༄༅།།ནོར་བུས་ཉར་ཚགས་བྱས་པའི་བཀའ་རྒྱུད་གོང་མའི་འདྲ་སྐུ་རྙིང་པ།
ཡོང་ཁུངས། ངེད་དྲ་བ།
དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༤ ཚེས་ ༢༦
ནོར་བུ་ཞེས་མིང་དོན་མཚུངས་པའི་ཁམས་ཕྱོགས་ཀྱི་རིག་དངོས་ཉར་ཚགས་བྱེད་མཁན་དེས་མི་ལོ་ཉི་ཤུ་ལྷག་ཙམ་གྱི་རིང་དུ་ཚོང་ལས་ཀྱི་ཡོང་འབབ་ཕལ་ཆེར་བོད་ཀྱི་རྩ་ཆེའི་རིག་དངོས་ཉར་ཚགས་བྱེད་པར་སྤྱོད།
འདི་ནི་ཁོས་ཉར་ཚགས་བྱས་པའི་བཀའ་རྒྱུད་གོང་མའི་འདྲ་སྐུ་རྩ་ཆེན་འགའ་ཤས་ཡིན་ལ། ཚོང་དཔོན་ནོར་བུ་ལགས་ནི་བོད་ཀྱི་ཚོང་པ་དཀྱུས་མ་ཞིག་ཡིན་རུང་ཁོ་རང་བོད་ཀྱི་རིག་དངོས་ཉར་ཚགས་བྱ་རྒྱུ་ལ་ཧ་ཅང་དགའ་བས་མི་རིགས་རང་གི་གཅེས་ནོར་རང་གིས་བདག་སྐྱོང་བྱ་རྒྱུའི་འོས་འགན་ཕྲག་ཏུ་བཞེས་ནས་ཕྱི་རྒྱལ་སོགས་སུ་འཐོར་བའི་རིག་དངོས་རྩ་ཆེན་དེ་དག་ཐབས་གང་ཡོད་ཀྱིས་ཚུར་བསྡུ་ཅི་ནུས་བྱེད་བཞིན་ཡོད། །

རྒྱ་གར་མཁས་པའི་གཙུག་རྒྱན་ན་རོའི་ཞབས་ལ་ན་མོ།

བོད་ཡུལ་བསྟན་པའི་སྒྲོན་མེ་མར་པའི་ཞབས་ལ་ན་མོ།

རྣལ་འབྱོར་དབང་ཕྱུག་ཆེན་མོ་མི་ལ་བཞད་པ་རྡོ་རྗེ་ལ་ན་མོ།

འོད་གསལ་མ་བུ་འཕྲོད་པའི་དག་པོ་དབོན་ལ་ན་མོ།

འཁོར་ལོ་སྡམ་པའི་རྣལ་འབྱོར་བ་ཏི་ལཱུ་པ་ལ་ན་མོ།