༄༅།། 《གར་མ་ལི་ཤོ་ལས་མཆེད་པའི་ཁྱུང་པོའི་ཡིག་གཟུགས་ཕྱོགས་བསྒྲིགས།》པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡ ཚེས་ ༢༠
         ཉེ་ལམ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས《བཟོ་རྒྱལ་གར་མ་ལི་ཤོའི་ཕྱག་རྒྱུན་ལས་མཆེད་པའི་ཁྱུང་པོའི་ཡིག་གཟུགས་ཕྱོགས་བསྒྲིགས།》དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། དེབ་འདིར་ལྷ་བབས་ཡི་གེ་དང་སྨར་ཆེན། སྨར་ཆུང་། དབུ་ཅན། འབྲུ་མ། ལྗིབ་གཟུགས། འབྲུ་ཚ། ཚུགས་རིང་། ཚུགས་ཐུང་། འཁྱུག་ཡིག་གམ་རྒྱུགས་བྲིས་སོགས་བཀོད་འབྲི་ཞུས་ཡོད་པ་དང་། དེ་དག་གི་དཀར་ཆག་གི་རིམ་པ་ནི། 1.དག་པའི་ལྷ་ཡིག་དཀར་པོ། 2.སྟག་གཟིགས་སྤུངས་སོ་ཆེ་ཆུང་། 3.འབྲུ་མ་དང་ལྗིབ་ཆུང་གི་རིགས། 4.དབུ་ཅན་ནམ་གཟབ་ཀྱི་རིགས། 5.ཚུགས་རིང་དང་འབྲུ་ཚ། 6.འཁྱུག་བྲིས་སམ་རྒྱུགས་བྲིས་བཅས་འཆར་གཞི་དང་ལྡན་རཔ་བཀོད་ཡོད་པ་རེད།།