༄༅།། ཤིང་ཏོག་རྒྱ་སིལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡ ཚེས་ ༡༨
        རྒྱ་སིལ་ནི་བདེ་ཆེན་ཁུལ་འཇོལ་རྫོང་རྐོང་རྩེད་ར་གྲོང་རྡལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ནས་ཐོན་པའི་ཤིང་ཏོག་ཅིག་ཡིན་ལ། ས་ཆ་འགའ་ཤས་ཀྱིས་ཤིང་ཏོག་དེ་ལ་གཡེར་མ་སིལ་ཟེར་བ་རེད། རྒྱ་མིང་ནི་ཧོང་གོ་ཡང་ཟེར་ཡོད།
        རྒྱ་སིལ་བདེ་ཆེན་དུ་གཉེན་གྲོགས་བར་གྱི་དུས་ཆེན་དང་བག་སྟོན། དུས་རྒྱུན་དུ་ལག་རྟགས་བྱེད་ཆོག་པ་དང་། བོད་མིའི་ཁྱིམ་ཚང་ནང་གི་མཆོད་གཤོམ་ཐོག་གི་གཤོམ་ཆ་ཞིག་ཀྱང་ཡིན་པ་རེད།
       (གསལ་བཤད། བདེ་ཆེན་བོད་ཡིག་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)