༄༅།།མགོ་ཤ་ཁ་ཚ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
ཚེ་རིང་ཆོས་འཕེལ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡ ཚེས་ ༡༧
        རྒྱུ་ཆ། གཡག་གི་མགོ་ཤ་བཙོས་མ་ཁེ་300དང་། སྣུམ་ཁེ་50གཡེར་མ་ཞིབ་ཞིབ་དང་། སུར་པན། ཚྭ། ལྒ་སྨུག བཙོང་། ལྗང་ཡུའུ། རི་སྒོག ཤ་སྨན། ཏིལ་དཀར་པོ་བཅས་འོས་འཚམས་དགོས།

        བཟོ་སྟངས། མགོ་ཤ་བཙོས་མ་ལྷེབ་ལྷེབ་སྲབ་པོ་གཏུབ་རྒྱུ། དེ་རྗེས་སུར་པན་དང་། ལྒ་སྨུག གཡེར་མ། ཚྭ། བཙོང་ཞིབ་ཞིབ། རི་སྒོག ལྗང་ཡུའུ་བཅས་མཉམ་བསྲེས་ཐོག་སྣུམ་བཙག་བཅད་དེ་བླུག་རྒྱུ་མ་ཟད། དེའི་ཐོག་མགོ་ཤ་དང་། ཤ་སྨན། ཏིལ་དཀར་པོ་བཅས་བླུགས་ཏེ་མཉམ་བསྲེས་གཏོང་རྒྱུ།

(《 གངས་ཅན་བོད་ཟས།》ཞེས་པའི་དེབ་ལས་བཤུས།)