༄༅།། ཆང་གི་ཉེས་པ་སུམ་ཅུ་རྩ་ལྔ།
ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡ ཚེས་ ༦

ཚུལ་ཁྲིམས་འཆལ་བར་འགྱུར་བ་དང་། དབང་པོའི་སྒོམ་བསྡམས་པར་འགྱུར་བ་དང་། བག་མེད་པ་ལ་བུད་མེད་དོན་དུ་གཉེར་བར་འགྱུར་བ་དང་། ཉེ་དུ་སྣག་གི་གཉེན་མཚམས་དང་མཛའ་བཤེས་དང་སློབ་དཔོན་དག་གི་སྤོང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་གིས་ཡིད་དུ་མ་འོང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་དང་མི་མཐུན་པར་འགྱུར་བ་དང་། ཆོས་མ་ཡིན་པ་ལ་སྤྱོད་པར་འགྱུར་བ་དང་། ཆོས་མ་ཡིན་པ་ཡོངས་སུ་འཛིན་པར་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་སྤོང་བར་འགྱུར་བ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྤང་བར་འགྱུར་བ་དང་། དེ་མི་མཛའ་བ་དག་དང་གནས་ཀྱང་མཁས་པ་རྣམས་ལ་ཡོངས་སུ་འདྲི་བར་མི་སེམས་པ་དང་། བག་མེད་ཉམས་བག་ཏུ་སྤྱོད་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་གསུང་རབ་ལ་ཀུན་ནས་མི་གནས་པ་དང་། ངན་ལས་འདས་པ་ལ་ཐག་རིང་དུ་འགྱུར་བ་དང་། སྨྱོན་པར་འགྱུར་བའི་ལས་བྱས་ཤིང་བག་ཆགས་པས་ལུས་ཞིག་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་། དེ་གང་དང་གང་དུ་སྐྱེ་བ་དེ་དང་དེར་སྨྱོན་པར་འགྱུར་ཞིང་དྲན་པ་མི་གསལ་བར་འགྱུར་ཏེ། དགའ་བ་འབྲུའི་ཆང་དང་། བཅོས་པའི་ཆང་། བག་མེད་པའི་གནས་ཀྱི་ཉེས་དམིགས་ནི་སུམ་ཅུ་རྩ་ལྔ་པོ་འདི་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །
