སེམས་ལ་ཤར་བ་ལྟར་ཉམས་དབྱངས་བླངས་པ།
ཡོང་ཁུངས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༦ ཚེས་ ༢༢

དབུ་མ་བ་ལུང་རིགས། །ཀུན་མཁྱེན་གྱི་དགེ་བཤེས། །ཆོས་གྲྭ་རུ་བགྲོ་གླེང༌། །བཏང་བ་དེ་སྙན་བཞིན། །ཕྱག་རྫོགས་པ་གཅིག་ཤེས། །ཀུན་གྲོལ་གྱི་རྣལ་འབྱོར། །དབེན་པ་རུ་ཉམས་མགུར། ། བླངས་པ་ཡང་སྙན་ཡོང༌། །ཞེས་བླངས་པས་དེར་བཞུགས་པའི་རྟོགས་ལྡན་འཕྲུལ་ཞིག་རྣམས་ཐུགས་དགྱེས་པར་གྱུར་ཏོ། །
