༄༅།།རྨ་ཆེན་གངས་རིའི་གཟི་དཔལ།
ཡོང་ཁུངས། མཚོ་སྔོན་པོའི་དྲ་བ་ལས་དྲངས།
མི་གསལ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༧ ཚེས་ ༢༤
ཨ་མྱེས་རྨ་ཆེན་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ནུབ་བྱང་རྒྱུད་དུ་གནས་པ་དང་། ས་བབ་མཐོ་ཚད་སྨི6000ཡན་གྱི་རྩེ་མོ་གསུམ་ལས་གྲུབ་པ་དང་། གཙོ་རི་རྨ་ཆེན་གངས་རིའི་མཐོ་ཚད་ལ་སྨི6282ཡོད། རི་རྩེར་ལོ་འཁོར་མོར་ཁ་བ་དང་དར་གྱིས་གཡོགས་པ་དང་། དེར་ད་དུང་འདམ་གཞུང་འཁྱགས་རོམ་དང་ལྷ་ལུང་འཁྱགས་རོམ་བཅས་གནའ་བོའི་འཁྱགས་རོམ་གཉིས་ཡོད་ལ། རྨ་ཆུའི་འབྱུང་ཁུངས་ཀྱི་ཆ་ཤས་ཤིག་ཀྱང་ཡིན། ཨ་མྱེས་རྨ་ཆེན་ལ་རྨ་ཆུའི་འབབ་རྒྱུད་ཀྱི་རིའི་རྒྱལ་པོ་ཞེས་ཀྱང་འབོད་ཀྱི་ཡོད།

ཨ་སྔོན་གནམ་ལ་རྩེ་མོས་རེག བརྗིད་ཆགས་ལྡན་པའི་རྨ་སྤོམ་ར།

གནས་མཆོག་རྨ་ཆེན་སྤོམ་རའི་རང་གཟུགས།

སྲོད་དུས་ཀྱི་རྨ་ཆེན་སྤོམ་རའི་རང་མདངས།

ཉིན་མོའི་རྨ་ཆེན་སྤོམ་རའི་གཟི་བརྗིད།
