ཡོང་ཁུངས། ངེད་དྲ་བ་ནས་སྤེལ།
རིག་འཛིན་བསྟན་སྲུང་།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༦ ཚེས་ ༢༤
འཇང་བཟའ་པདྨ་ཆོས་སྒྲོན་ནི་ཡབ་འཇང་ས་དམ་རྒྱལ་པོ་དང་། ཡུམ་རྒྱ་བཟའ་ཁྲི་ལྕམ་ལྷ་སྐྱིད་གཉིས་ཀྱི་སྲས་སུ་འཇང་ཡུལ་དུ་སྐུ་འཁྲུངས། གླིང་ཆུང་རྒྱུད་ཀྱི་དཔོན་པོ་སེང་བློན་གྱི་ཆུང་མ་རྒྱ་བཟའ་ལྷ་དཀར་སྒྲོན་མའི་སྤུན་ཡིན་པས་མོའི་གཡུ་ཁྲི་མིང་ལའང་རྒྱ་ཚ་གཡུ་ཁྲ་ཞེས་ཟེར་སྲོལ་ཡོད། འཇང་ས་དམ་རྒྱལ་པོས་གླིང་གི་ཚྭ་ཁ་ལ་དམག་དྲངས་ཏེ་བཙན་འཛུལ་བྱེད་སྐབས། གེ་སར་རྒྱལ་པོས་ཕར་རྒོལ་བྱས་ཏེ་འཇང་གི་དམག་རྣམས་ཕམ་ནས། འཇང་ཡུལ་བདེ་ལ་བཀོད། ཕྱིས་སུ་པདྨ་ཆོས་སྒྲོན་མ་བུ་གསུམ་ཀྱང་གླིང་གེ་སར་རྒྱལ་པོ་ལ་མགོ་འབུལ་ལུས་འབུལ་བྱས་ཏེ་མགོ་བཏགས་ནས། འཇང་རྒྱལ་པོ་སེམས་སྡུག་ཤིན་ཏུ་ཆེ་བས་རས་ནག་གི་གོས་གྱོན། མུན་ནག་གི་ཁང་པའི་ནང་དུ་ལོ་དགུ་ལ་སྡུག་བསགས་ནས་མཚམས་ལ་བསྡད་ཡོད་པ་རེད་ཅེས་བཤད།