༄༅།།མཐོ་སྒང་གསོན་ཉམས་དཔའ་མོ་ཁྱུང་རྫོང་།
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས།
མི་གསལ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༦ ཚེས་ ༡༥

དཔའ་མོ་ཁྱུང་རྫོང་གི་ས་དབྱིབས།

རི་སྟོང་དུ་འཚོ་བའི་འབྲོང་རྒོད།
དཔའ་མོ་ཁྱུང་རྫོང་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དུ་གནས་པ་དང་། བྱང་ཐང་མི་མེད་ལུང་སྟོང་གི་ས་བབ་སྨི་5000ཡི་སར་ཡོད་པས་དེ་གར་འགྲོ་ལམ་བཟོས་མེད། དེའི་རྒྱུད་དུ་མེ་རིའི་ཤུལ་ཞིག་ཡོད་པར་ཚངས་ཐིག་ལ་སྨི་300ཙམ་གྱི་ལྡུག་ཚགས་དབྱིབས་ཀྱི་མེ་རིའི་ཁ་དང་དེ་བཞིན་ཞོན་ཝུའུ་བྲག་རྡོ་འབོར་ཆེན་ཡོད་པས་ཐུན་མོང་མ་ཡིན་པའི་རྡོ་ཚོགས་ཀྱི་མཛེས་ལྗོངས་ཤིག་གྲུབ་ཡོད། བྱང་ཐང་གི་སྐྱེ་ཁམས་ངོ་མཚར་ཆེ་བའི་ས་གཞིར་དངུལ་དཀར་གྱི་གངས་རིའི་མཚར་སྡུག་རྫོགས་ཡོད།
