༄༅།།དར་བཟའ་གཡུ་ཡི་སྒྲོན་ནེ།
དར་བཟའ་གཡུ་ཡི་སྒྲོན་ནེའི་ཡབ་བྱང་དར་བཟའ་རྒྱལ་པོ་ཉི་མ་ཁྲི་བཙན་དང་། ཡུམ་བཙུན་མོ་སྨན་མཚོ་སྐྱིད་གཉིས་ཀྱི་སྲས་མོ་རུ་དུས་རབས་བཅུ་གཅིག་པའི་ནང་དུ་གླིང་གི་ས་ཆ་ཞིག་ཏུ་སྐུ་འཁྲུངས། དར་བཟའ་གཡུ་ཡི་སྒྲོན་མེའང་ཟེར་སྲོལ་ཡོད། སྲས་སྣང་ཆུང་གཡུ་སྟག་ལ་མནའ་མར་བསུས། གླིང་གེ་སར་རྒྱལ་པོ་ཡར་ཁམས་བྱང་མ་ལ་དགྲ་འདུལ་སར་སོང་སྐབས་དར་བཟའ་རྒྱལ་པོས་སྣེ་ལེན་གཟབ་རྒྱས་བྱས། གླིང་རྗེ་གེ་སར་རྒྱལ་པོས་དར་བཟའི་སྲས་མོ་དེ་ཁོང་གི་ནུ་བོ་སྣང་ཆུང་གཡུ་སྟག་ལ་མནའ་མར་བསླངས། དར་བཟའ་རྒྱལ་པོ་ཉི་མ་ཁྲི་བཙན་གྱི་ཐུགས་ལ་བབ་ནས་རྗེས་སུ་སྣང་ཆུང་གཡུ་སྟག་ན་ཚོད་དར་ལ་བབ་པའི་དུས་སུ་དར་བཟའ་གཡུ་ཡི་སྒྲོན་ནེ་མནའ་མར་བསུ་རྒྱུའི་ཁ་ཆད་དང་གྲོས་བསྡུར་བྱས། འོན་ཀྱང་ཧོར་གླིང་གཡུལ་འགྱེད་ཀྱི་སྐབས་སུ་སྣང་ཆུང་གཡུ་སྟག་སྐུ་བཀྲོངས་པས་མོ་བཙུན་མོའི་གོ་ས་ཐོབ་མ་ཐུབ་ཀྱང་། ཡིན་ནའང་གླིང་རྗེ་གེ་སར་རྒྱལ་པོས་ཐུགས་ཁུར་ཚད་མེད་གནང་བས། མོ་རྒྱལ་སྲས་དགྲ་ལྷ་རྩེ་རྒྱལ་ལ་བཙུན་མོ་ཁྲིད་བཅུག་པ་ཡིན།
