༄༅།།དཔྱད་གླེང་།

ཡོང་ཁུངས། ངེད་དྲ་བ་ནས་སྤེལ།
དབང་ཆེན།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༤ ཚེས་ ༢༣

ཐོག་མར་དགེ་བ་མཚན་དོན་གྱི་བརྗོད་བྱའི་ཆེ་བ་བསྟན་པ། བར་དུ་དགེ་བ་བསླབ་བྱའི་གནས་གཞུང་དོན་ཕུན་སུམ་ཚོགས་པ། ཐ་མ་དགེ་བ་མཇུག་ཡོངས་རྫོགས་པའི་བྱ་བ་དང་གསུམ་གྱི་ཁོངས་སུ་བསྡུས་ནས་རགས་རིམ་ཙམ་ཞིག་བརྗོད་ན། སྤྱིར་སྔོན་གྱི་དུས་སུ་རྒྱ་བོད་གཉིས་ཀྱི་མཁས་པ་རྣམས་ཀྱིས་བརྩམས་པའི་ལེགས་བཤད་ཀྱི་བསྟན་བཅོས་མང་པོ་ཞིག་བཞུགས་ཡོད་པར་ཀུན་གྱིས་ཤེས་གསལ་ལྟར་ལགས་མོད། དེའི་ནང་ཡོངས་ཁྱབ་ཏུ་རང་རེ་བོད་ཀྱི་མཁས་པ་ཆེན་པོ་འཇམ་མགོན་བླ་མ་ས་སྐྱ་པནྜི་ཏས་བརྩམས་པའི་འཇིག་རྟེན་མི་ཆོས་དང་བསྟུན་པར་གཙོ་བོར་བྱས་པའི་རྒྱས་པའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་དང་། འབྲིང་པོ་ལེགས་བཤད་འཕྲུལ་གྱི་དྲྭ།བསྡུས་པ་སྐྱེས་བུ་རྣམ་འབྱེད་དེ་རྒྱས་འབྲིང་བསྡུས་གསུམ་མཛད་ཡོད་པ་ཡིན་ལ། དེ་དག་ལ་བརྟེན་ནས་སྤྱི་ལོ་༡༥༤༠ལོ་ཡས་མས་སུ་པཎ་ཆེན་བསོད་ནམས་གྲགས་པས་མཁས་པ་དང་བླུན་པོ་བརྟགས་པའི་ལེགས་བཤད་པདྨ་དཀར་པོའི་ཆུན་པོ་མཛད། དེའི་རྗེས་སུ་སྤྱི་ལོ་༡༧༥༠ལོ་ཡས་མས་སུ་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པའི་ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་བརྒྱ་ལྡན་དང་། ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་ལུགས་གཉིས་ཡལ་འདབ་བརྒྱ་ལྡན་ཞེས་བྱ་བ་ ལྟ་བ་གང་གི་སྒོ་ནས་གཏན་འབེབས་བྱས་པ། ལྟ་བ་གང་གི་སྒོ་ནས་གཏན་འབེབས་བྱས་པ།