༄༅།།རྐང་ཐང་དུ་ཡུལ་སྐོར་འགྲོ་ས་དར་རྩེ་མདོའི་བུམ་པ་གཡུ་མཚོ།

གསལ་སྟོན་བྱེད་མཁན་ཞིག་མེད་ན་རི་བོང་ལྷ་རུམ་ཅེས་པ་འདི་རྙེད་པ་དཀའ། མཚེའུ་ལ་ཁ་གཏད་པ་དང་གཞོགས་སུ་མཚེའུ་ཡི་ངོས་དང་བྲག་རི་སྦྲེལ་བའི་སར་བལྟས་སྐབས། རི་བོ་དེའི་ལྡོག་གཟུགས་ཆུ་ངོས་སུ་འཆར་བའི་སྣང་བརྙན་དང་བསྟུན་ནས་བལྟས་ན་རྣ་ཅོག་ཧ་ཅང་རིང་བའི་རི་བོང་ཞིག་མཐོང་རྒྱུ་ཡོད། མིག་དང་སྣ། ཡ་མཆུ་གས་པའི་ཁ་ཤོ་ཡོད་པར་མ་ཟད། རི་བོང་གི་གསུས་པ་ཡོད་སའི་ངོས་སུ་རྣམ་པ་གསལ་བའི་སྐུ་བརྙན་གྱི་རི་མོ་ཞིག་རིག་རྒྱུ་ཡོད་པ་འདི་ནི་རི་བོང་ལྷ་རུམ་ཞེས་པ་འདི་རེད།




རི་བོང་ལྷ་རུམ་ཞེས་པ་ཐོས་རྗེས། མི་ཕལ་ཆེར་གྱིས་རི་མཐོའི་མཚེའུ་འདི་ནི་ཚོན་སྣ་ལྔ་ལྡན་གྱི་མཚེའུ་སྟེ་བུམ་པ་གཡུ་མཚོ་ཡིན་པ་ཤེས་བཞིན་དུ་རེད།(མཆན། བུམ་པ་གཡུ་མཚོ་དང་དུང་མཚོ་ནི་རི་ཕར་ཚུར་དུ་ཡོད་པའི་མཚོ་གཏིང་སྦྲེལ་ནས་ཡོད་རེད་ཟེར།) འདི་ནི་དར་མདོ་ན་སྐད་གྲགས་ཆེ་ཤོས་ཀྱི་མཚེའུ་ཞིག་ཡིན་པ་རེད། དར་མདོའི་མི་ཚོའི་སེམས་ནང་བླ་མཚོ་ཡིན་པར་བརྟེན། དར་མདོའི་དགོན་སྡེའི་དགེ་འདུན་པ་ཚོས་དུས་བཀག་ལྟར་བུམ་པ་གཡུ་མཚོར་བསང་མཆོད་འབུལ་ས་འགྲོ་སྲོལ་ཡོད་པས་མ་ཚད། དར་མདོའི་མི་སྐྱ་ཕོ་མོ་དུ་མས་ཀྱང་བུམ་པ་གཡུ་མཚོར་བསང་མཆོད་སྨོན་ལམ་འདེབས་སར་འགྲོ་སྲོལ་ཡོད་པ་རེད།།
