༄༅།།སེང་ཆེན་གྱིས་གྲུ་པ་འདུལ་བའི་གླུ་སྐྱ་འགྱུར་རིང་མོའི་རྟ་ལ་དྲངས་ནས་འདི་ལྟར་བླངས་སོ། །

ཡོང་ཁུངས། ཧོར་གླིང་གཡུ་འགྱེད་སྨད་ཆ་ལས་དྲངས།
མི་གསལ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༣ ཚེས་ ༡༦

   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
   མཁྱེན་པས་གཟིགས་དང་གོང་མ་ལྷ། །
   རིགས་གསུམ་མགོན་པོས་བྱིན་གྱིས་རློབས། །
   ཨོ་རྒྱན་པདྨས་ཐུགས་རྗེས་ཟུངས། །
   དགྲ་བགེགས་འདུལ་བའི་སྟོངས་གྲོགས་མཛོད། །
   ས་འདི་ས་ངོ་མ་ཤེས་ན། །
   ཧོར་ཆུ་ཁམ་པའི་གྲུ་སོ་རེད། །
   ང་དང་ང་ངོ་མ་ཤེས་ན། །
   འཛམ་གླིང་སྐྱོབ་པའི་ལྷ་སྐལ་ཡིན། །
   མ་གཡེལ་གཟིགས་དང་གོང་མ་ལྷ། །
   ཧོར་སེར་བདུད་ཀྱི་སྒོ་སྲུང་ལ། །
   ཉ་པའི་ཨ་མགོ་ལྕགས་མིག་དང་། །
   སྦལ་པའི་མི་བཙན་ཁ་ཤོ་གཉིས། །
   ཡང་གཡོག་གྲུ་པའི་འཁོར་དང་གསུམ། །
   དུག་གསུམ་སྲིད་པའི་གཞི་མ་འདི། །
   དེ་རིང་དག་པའི་ཞིང་ལ་སྤོར། །
   ཕྱི་མ་ཆོས་དང་ལྡན་པའི་ལུས། །
   སེང་ཆེན་སྐྱེས་བུའི་གདུལ་བྱར་ཤོག །
   ཧོར་ཆུ་སྡུག་བསྔལ་རྒྱ་མཚོ་ལས། །
   ཐུགས་རྗེ་ཐབས་ཀྱིས་གྲུ་གཅིག་བཙུགས། །
   ཡེ་ཤེས་རང་ཤར་སྐྱ་བས་དཀྲུགས། །
   ཉོན་མོངས་ཀླུ་ཐེལ་མིང་སྲུང་གསུམ། །
   དེ་རིང་སྐྱ་བས་ཆམ་ལ་ཕོབས། །
   ཆོས་སྐྱ་དུང་གི་མཆོད་རྟེན་འདིས། །
   དུག་ལྔ་མི་དམིགས་ངང་ལ་གནོན། །
   རིགས་དྲུག་བདེ་བའི་ཡུལ་དུ་དྲོངས། །
   མི་རིག་འཁོར་བའི་ཆུ་བོ་འདི། །
   རིག་པའི་ངོ་བོ་ཆོས་སྐུའི་རྟེན། །
   དུང་གི་མཆོད་རྟེན་དཀར་ཆུང་འདིས། །
   ཐུགས་རྗེས་ཆུ་ལ་བསྒྱུར་རོགས་མཛོད། །
   གྲུ་པ་ཉོན་མོངས་དུག་གི་མི། །
   ཞེ་སྡང་ལྕགས་ཀྱི་ཨ་འབྲས་ཅན། །
   སྟོང་ཉིད་ལྟ་བའི་ངང་དུ་ཐུལ། །
   གཏི་མུག་ཁ་ལ་ཡང་ཤམ་ཅན། །
   སྟོང་ཉིད་ལྟ་བའི་ངང་དུ་ཐུལ། །
   གཏི་མུག་ཁ་ལ་ཡང་ཤམ་ཅན། །
   འོད་གསལ་ཆོས་སྐུའི་རྒྱ་ཡིས་ཐོབ། །
   འདོད་ཆགས་བཙན་པོའི་ལྟོགས་སླ་ཅན། །
   བདེ་ཆེན་དག་པའི་རྒྱུད་ལ་སྦྱོར། །
   མ་དག་བདུད་ཀྱི་གྲུ་པའི་འཁོར། །
   དག་པ་ཆོས་སྐུའི་ཞིང་དུ་སྐྱོལ། །