༄༅།།གཙང་གསུམ་མགོ་ཁུངས་ཀྱི་ལྗང་མདོག་པར་རིས།

པར་འདི་ནི་སོག་རྫོང་མངའ་ཁོངས་སུ་བཅོས་སྐྱོང་བྱས་རྗེས་ཀྱི་ས་ནག་ཐང་གི་རྣམ་པ་ཡིན།

པར་འདི་ནི་བར་སྣང་ནས་པར་བླངས་པའི་མཚོ་སྔོ་རིང་གི་རྣམ་པ་ཡིན།

པར་འདི་ནི་ཏུའུ་ལན་མཚོ་ངོས་ཀྱི་ངང་དཀར་ཁྱུ་ཚོགས་ཡིན།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཏུའུ་ལན་མཚོ་རྒྱལ་ཁབ་རླན་ས་སྤྱི་གླིང་ནང་དུ་ཞོགས་པའི་དུ་བ་གྲང་ངར་དང་མཉམ་དུ་འཕྱུར། སྐྱེ་ཁམས་བདག་སྐྱོང་པ་ཅིན་ཐེ་ཨན་གྱིས་སྒོ་ཕྱེས་པ་དང་བསྟུན་ཉིན་གཅིག་གི་ལས་དོན་ཡང་མགོ་བརྩམས།
ཅིན་ཐེ་ཨན་གྱིས་སྲུང་བའི་སྐྱེ་སྟོབས་འདི་ནི་མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་བྱེད་པའི་མཚོན་བྱེད་ཙམ་ཡིན། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་སྲུང་སྐྱོང་ཐོག་མར་བཞག་སྟེ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་བཞིན་རྒྱུན་མཐུད་ངང་རི་ཆུ་ནགས་ཞིང་དང་མཚོ་མཚེའུ། རྩྭ་ཐང་དང་བྱེ་ས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བྱེ་བྲག་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་། ཕྱོགས་ཡོངས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་གཞིར་འཛིན་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བྱས།
ད་ལྟ། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་པོ་རྩ་དོན་དུ་བཟུང་ནས། ཐཱན་ཉུང་བཙོག་ཉུང་མཐུན་སྦྱོར་གྱིས་ལྗང་སྐྱེད་འཕར་སྣོན་སྐུལ་འདེད་བྱས་པ་དང་། ཧུར་གྱིས་དཔལ་འབྱོར་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཏུ་སྒྱུར་ནས་མཚོ་སྔོན་མཐོ་སྒང་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལྗང་མདོག་པར་རིས་འདྲི་བཞིན་ཡོད།
གསེར་རྟགས་སྒོ་བྱང་གི་ནང་དོན་དེ་གཟི་བརྗིད་དངོས་ལས་བརྒལ་པ་དེས་འཛམ་གླིང་ལ་རབ་མཛེས་མཚོ་སྔོན་སྟོན་པའི་སྒེའུ་ཁུང་ལྟ་བུ་ཡིན་པ་མ་ཟད། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞིར་འཛིན་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་འཛིན་པ། རིགས་སོ་སོའི་རང་བྱུང་སྤྱི་གླིང་ཁ་གསབ་འཛིན་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་རིམ་བཞིན་གྲུབ་པའི་གསོན་ཉམས་མཚོན་བྱེད་ཡིན།
འདས་ཟིན་པའི་ལོ་གཅིག་ལ། མཚོ་སྔོན་གྱིས་ནམ་ཡང་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པའི་མངག་བཅོལ་སེམས་སུ་དམ་པོར་ངོས་ཏེ་རྒྱལ་ཁབ་སྤྱི་གླིང་གཙོ་གཞིར་འཛིན་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ་དང་། རྒྱལ་ཡོངས་ནས་སྔོན་ན་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཅིག་བསྡུས་ལེགས་སྒྱུར་ལས་དོན་སྤེལ། རིགས་སོ་སོའི་རང་བྱུང་སྲུང་སྐྱོང་ཁུལ་བསྡོམས་པས་རིགས7གནས83སྐྲུན་རྩིས་ཡོད། དེ་ནང་རྒྱལ་ཁབ་སྤྱི་གླིང་གི་རྒྱ་ཁྱོན་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི75%ཟིན་ཡོད།
རྒྱལ་ཡོངས་ཀྱི་སྐོར་དང་པོའི་རྒྱལ་ཁབ་སྤྱི་གླིང་ཡིན་པའི་ཆ་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་དཔལ་ཡོན་བཅོས་སྒྱུར་ཕན་འབྲས་མངོན་གསལ་དོད་པོ་ཡིན། སྐྱེ་ཁམས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་བརྟན་བརླིང་ངང་འཕར་བཞིན་ཡོད། ཟུར་ལྟ་བྱས་ཆོག་པ་དང་ཁྱབ་གདལ་བྱས་ཆོག་པའི་གཙང་གསུམ་འབྱུང་ཡུལ་གྱི་མ་དཔེ་ཞིག་འཚོལ་ཞིབ་བྱས་པས། རྒྱལ་ཁབ་ཀྱི་ཚབ་བྱེད་རང་བཞིན་དང་འཛམ་གླི་གི་ཤུགས་རྐྱེན་ཐེབས་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་དཔེ་མཚོན་གྱི་ལག་ལེན་གལ་ཆེན་ཞིག་ཏུ་གྱུར། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང(གདམ་སྒུག་ཁུལ)ལ་རྒྱལ་ཁབ་ཁྱི་ཞིབ་བཤེར་ཐོབ་པས་སྤྱི་གླིང་སྐྲུན་པའི་རིམ་པར་སླེབས། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང(གདམ་སྒུག་ཁུལ)འཛུགས་སྐྲུན་འགན་ཁུར2023ལོར་ལེགས་འགྲུབ་བྱུང་ནས་མིག་སྔར་དཔྱད་དཔོག་རིམ་པར་སླེབས། མཚོ་སྔོན་པོའི་ཆུའི་རྒྱ་ཁྱོན་བརྟན་བརླིང་ངང་རྒྱ་སྐྱེད་བཞིན་ཡོད། ཆུའི་སྤུས་ཚད100%ཟིན་པས་མཐའ་འཁོར་གྱི་སྐྱེ་ཁམས་རྒྱུན་མཐུད་ངང་ལེགས་སུ་ཕྱིན།
ཁོད་རྒྱ་ཆེ་བའི་སྐྱེ་ཁམས་ཁྱིམ་གཞིས་དེ་འདྲ་སྲུང་རྒྱུ་ཚན་རྩལ་འདེགས་སྐྱོར་དང་ཁ་བྲལ་ཐབས་མེད། མཚོ་སྔོན་གྱིས་སྲུང་སྐྱོང་དོ་དམ་ཐབས་ལམ་ཁྲོད་མགྱོགས་མྱུར་གྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གཞི་གྲངས་ཆེན་པོའི་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པས། རིམ་པ་མང་བ་དང་རྒྱུ་ཆ་མང་བའི་ཕྱོགས་བསྡུས་ལྟ་ཞིབ་ཚད་འཇལ་མ་ལག་སྐྲུན་པས། རིམ་བཞིན་ཚན་རྩལ་སོ་དམག+གནད་ཁེལ་ཁྲིམས་འཛིན་གྱི་རིག་ནུས་ལྟ་ཞིབ་ཚད་འཇལ་དཔེ་དབྱིབས་གསར་བ་གྲུབ། མུ་མཐུད་དུ་སྐྱེ་ཁམས་ཁོར་ཡུག་དུས་ཡོངས་ལྟ་ཞིབ་ཚད་འཇལ་དང་སྦྲེལ་ཐག་ཧྲིལ་བོའི་ལྟ་ཞིབ་ཚད་འཇལ་མ་ལག་འཐུས་ཚང་དུ་བཏང་།
2025ལོར་མཚོ་སྔོན་གྱིས་རྒྱུན་མཐུད་ངང་བྱེ་བྲག་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། བྱང་གསུམ་རྣམ་གྲངས་མཁྲེགས་གཏོར་དམག་འཐབ་བརྒྱབ་ནས་སྤུས་ཚད་མཐོ་བའི་ངང་ཙོང་ཆུ་འབབ་རྒྱུད་ཀྱི་རི་ཆུ་རྣམ་གྲངས་ལག་བསྟར་བྱས་ཏེ་འབྲི་ཆུ་དང་རྨ་ཆེན་གངས་རི། ཚྭ་འདམ་གཞོང་ས་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་སྐྱེ་ཁམས་སླར་གསོ་བྱས། བྱང་གསུམ་རྣམ་གྲངས་ལག་བསྟར་བྱས་པ་ནས་ད་ལྟའི་བར་དུ་མཚོ་སྔོན་གྱི་གཙོ་གནད་བཅོས་སྐྱོང་ཁུལ་ལ་ལོ་རྒྱུས་རང་བཞིན་གྱིས་ལྗང་འཕེལ་བྱེ་ཉུང་མངོན་འགྱུར་བྱུང་།
བཅོས་སྐྱོང་ནི་བྱེ་མ་ཁོ་ན་མ་ཡིན་པར། མཚོ་སྔོན་གྱིས་གཏིང་ཟབ་སྒོས་གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མའི་འགན་སྲུང་དམག་འཐབ་བརྒྱབ་ནས། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་མཚེ་མགུར་གྲོང་རྡལ་དུ་དྲོད་ཚད་མཐོ་བའི་ཆ་འབྱེད་རླངས་འགྱུར་ལག་རྩལ་གྱི་གད་སྙིགས་མེ་སྲེག་ས་ཚིགས་ཀྱིས་ལོ་མང་པོའི་གནད་དོན་སེལ།
2025ལོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་ཧེའུ་རིགས་རང་སྐྱོང་རྫོང་གི་གངས་དཀར་རི་བོ་མིང་དུ་གྲགས། ཕྱི་རོལ་དགའ་མཁན་ཚོས་མི་ཚེའི་གངས་རི་དང་པོ་ཞེས་འབོད་པའི་རི་བོ་དེས་ས་བབ་ཅུང་དམའ་བ་དང་ལམ་ཐིག་ལ་བརྟེན་ནས་རི་འཛེག་དགའ་མཁན་དག་བསུས། རི་བོ་དེ་མིང་དུ་གྲགས་པ་ནི་གངས་འཁྱག་ས་འཁྱག་ནི་གསེར་རི་དངུལ་རི་ཡིན་འདུ་ཤེས་གསོན་ཉམས་ལག་ལེན་ཡིན།
མི་ཚེའི་གངས་རི་དང་པོ་ཡི་རྒྱབ་ཕྱོགས་ནི་ས་གནས་ཀྱིས་ཚན་རིག་དང་མཐུན་པའི་ངང་རི་འཛེག་ལམ་ཐིག་གསར་སྤེལ་དང་ཆེད་དོན་ཡུལ་སྐོར་སྣེ་ཁྲིད་གསོ་སྦྱོང་། ཆ་འགྲིག་ཞབས་ཞུ་འཕེལ་རྒྱས་སུ་བཏང་པས་གངས་རི་བརྗོད་དོན་གཙོ་བོར་འཛིན་པའི་ལྗང་མདོག་ཐོན་ལས་སྦྲེལ་ཐག་ཅིག་གྲུབ་པ་རེད། 2025ལོའི་ལོ་མཇུག་བར་དུ་འཇུ་ལག་རྫོང་གིས་གངས་རིའི་སྣེ་ཁྲིད་པའི་འཛིན་ཡིག་ཡོད་པའི་མི184གསོ་སྦྱོང་བྱས་པ་དང་། མི2000ལས་བརྒལ་བ་ལས་ཞུགས་བྱེད་དུ་བཅུག ལྗོངས་ཁུལ་གྱི་ལོའི་ཡུལ་སྐོར་པ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་བརྒྱ་ལས་བརྒལ་བས་སྐྱེ་ཁམས་རིན་ཐང་མུ་མཐུད་དུ་མང་ཚོགས་ཀྱི་དངོས་འབབ་ལ་འགྱུར་བཞིན་ཡོད།
2025ལོའི་ཟླ5པར། སྐྱེ་ཁམས་སླར་གསོ་དང་འོས་འཚམ་འཛུགས་སྐྲུན་བྱས་པའི་ཏ་ཏུང་ལིན་ལྗོངས་ཁུལ་ནི་ཟི་ལིང་གི་མིག་ཏུ་གྱུར་ནས་གྲོང་མི་ཚོར་སྒོ་འབྱེད་པ་དང་། གནས་དེས་སྲུང་སྐྱོང་སྔོན་འགྲོ་དང་སྐྱེ་ཁམས་སློབ་ཞིབ་་དང་ནགས་ཚལ་ཁམས་གསོ་བཅས་འཕེལ་རྒྱས་སུ་བཏང་པས། གྲོང་ཁྱེར་རུ་སྤྲོ་གསེང་དུ་བྱེད་པའི་གནས་མཆོག་ཏུ་གྱུར། ལྗོངས་ཁུལ་དེས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི20སྣེ་ལེན་བྱས། དེ་ནི་ལྗང་སྒྱུར་གྲུབ་འབྲས་སྟོན་པའི་སྒེའུ་ཁུང་ལྟ་བུ་ཡིན་པ་མ་ཟད། གྲོང་ཁྱེར་མཐའ་འཁོར་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་བྱུང་བའི་ནུས་ལྡན་ཐབས་ལམ་ཞིག་ཏུ་གྱུར།
2025ལོ་ནི་རི་གཉིས་བསམ་ཕྱོགས་བཏོན་པའི་ལོ་ངོ20འགོར་བའི་ལོ་ཡིན། མཚོ་སྔོན་གྱིས་མུ་མཐུད་དུ་རི་གཉིས་འདུ་ཤེས་ཀྱི་ནང་དོན་དང་ཕྱིར་སྐྱེད་རྒྱུན་སྲིང་བྱས་ཏེ། སྐྱེ་ཁམས་ཁ་གསབ་ལམ་ལུགས་འཐུས་ཚང་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ལས་གནས་བཀོད་སྒྲིག་ལེགས་སྒྱུར་གྱིས་མང་ཚོགས་ཀྱིས་རི་སྔོ་ཆུ་དྭངས་སྲུང་བའི་ཁྲོད་ཡོང་འབབ་དངོས་ཐོབ། ཞིང་ཆེན་ཡོངས་ཀྱིས་བརྟན་བརླིང་ངང་སྐྱེ་ཁམས་ནགས་སྲུང་མི་ཁྲི8གདན་འདྲེན་ཞུས་པའི་ནང་དུ་ཁྲི4.9དབུལ་ཐར་ཁྱིམ་ཚང་ནས་ཐོན། ལོའི་མི་རེའི་ཆ་སྙོམས་འབབ་འཕར་ཁྲི2ལ་ཟིན། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་བཅོས་སྒྱུར་མཉམ་དུ་བྱུང་ནས་སྐྱེ་ཁམས་མཛེས་དང་འབངས་མི་ཕྱུག་པ་མཉམ་དུ་སྐུལ་འདེད་བཏང་། སྲུང་སྐྱོང་དང་འཕེལ་རྒྱས་སྲོལ་བཟང་གི་གསོན་ཉམས་རྣམ་པ་གྲུབ།
རླན་ས་བདག་སྐྱོང་མཁན་ཅིན་ཐེ་ཨན་གྱི་རྒྱང་མཐོང་ནས་རི་འཛེག་མཁན་གངས་དཀར་རི་རྩེར་འཛེག་པའི་གྲིབ་གཟུགས། གཙང་གསུམ་འབྱུང་ཡུལ་རྩྭ་ཐང་ནས་རྒྱུག་པའི་གཙོད་ཁྱུ་ནས་རྨ་ཆུའི་འགྲམ་རྒྱུད་ཉིན་བཞིན་བརྟན་བརླིང་དུ་གྱུར་བའི་ལྗང་མདོག་སྲུང་ཡོལ། མཚོ་སྔོན་དུ་ཉི་མ་རེ་རེའི་རྒྱུན་འཁྱོངས་དང་ཐེངས་རེ་རེའི་འཚོལ་ཞིབ། ཐོབ་འབབ་རེ་རེ་ནི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་མཐོ་ས་སྐྲུན་པའི་འགྱུར་མེད་གོམ་སྟབས་སུ་གྱུར། འབྲི་དང་འབྲི་བཞིན་པའི་ལྗང་མདོག་གི་པར་རིས་འདིའི་སྔར་ལས་གསལ་ལ་གསོན་ཉམས་ལྡན་པ་ཞིག་རེད། །
