༄༅།།བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས།
མི་གསལ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༣ ཚེས་ ༡༢

བརྡ་ཆའི་ནང་བྲིས་པའི་ཐོག་མའི་གོང་ཚད་དང་། ཆ་སྙོམས་གོང་ཚད། ཁང་པའི་གོང་ཚད་སོགས་ཀྱི་ཞིབ་ཕྲའི་ནང་དོན་གང་ཡིན་ནམ།

ལན། སྤྱིར་ན་ཐོག་མའི་གོང་ཚད་ནི་ཁང་པ་འཚོང་བའི་གོང་ཚད་དམའ་ཤོས་དེ་ཡིན། ཁང་པ་འཚོང་རྒྱུའི་ནང་གོང་ཚད་དེ་ལྟར་གྱི་ཁང་པ་ཁ་ཤས་ལས་མེད། ཆ་སྙོམས་གོང་ཚད་ནི་ཐོག་སོ་མང་བའི་ཐོག་ཁང་གི་ཐོག་སོ་2ནས་5བར་གྱི་རིན་གོང་དང་ཐོག་སོ་མཐོ་བའི་ཐོག་ཁང་གི་ཐོག་སོ་6ནས་8བར་གྱི་ཁང་པའི་རིན་གོང་ལ་ཟེར། ཁང་པའི་གོང་ཚད་ནི་གསར་སྤེལ་ཚོང་པས་ཁང་པ་རེ་རེ་སྡེ་ཚན་དུ་བྱས་ནས་འཚོང་བའི་རིན་གོང་ཡིན་པ་དང་ཁང་པ་ཚང་མ་ཐོག་སོ་མཐོ་དམའ་དང་ཁ་ཕྱོགས་མི་འདྲ་བར་གཞིགས་ནས་གོང་ཚད་འདྲ་གི་མེད།

ཉོས་ཟིན་པའི་ཁང་པའི་རྒྱ་ཁྱོན་ཆུང་དུ་ཕྱིན་པ་ཤེས་ཚེ་ཇི་ལྟར་བྱེད་དགོས་སམ།

ལན། ཁང་པའི་རྒྱ་ཁྱོན་ཆུང་དུ་འགྲོ་བ་ནི་ཁང་པ་ཉོ་མཁན་ལ་རྟག་ཏུ་འཕྲད་པའི་གནད་དོན་ཞིག་རེད། ཁང་པའི་རྒྱ་ཁྱོན་ཆུང་དུ་འགྲོ་བའི་གནད་དོན་ཐད་ས་ཁང་བདག་ཁོངས་དོ་དམ་སྡེ་ཚན་གྱིས་ཚད་འཇལ་བའི་གཞི་ཁྱོན་གཞིར་འཛིན་དགོས་ཀྱི་ཡོད། ཁང་པའི་རྒྱ་ཁྱོན་ལ་ཧེ་བག་ཡོད་པའི་གནད་དོན་ལ་གཞིགས་ནས་བཅའ་ཁྲིམས་ཀྱིས་ཐག་གཅོད་བྱེད་སྟངས་མི་འདྲ་བ་གཏན་འབེབས་བྱས་ཏེ། ཁང་པ་ཉོ་མཁན་གྱིས་ཁང་ཚོང་བར་དེ་མཚུངས་ཀྱི་བཅའ་ཁྲིམས་འགན་འཁྲི་འཁུར་དགོས་པའི་རེ་བ་འདོན་ཆོག

ཁྱོ་ཤུག་ཕྱོགས་གཅིག་གིས་ཐུན་མོང་ལ་དབང་བའི་ཁང་པ་རང་དགར་འཚོང་ཆོག་གམ།

ལན། གལ་ཏེ་ཁང་པ་ཉོ་མཁན་གྱིས་ཁང་པའི་ལག་འཁྱེར་ཐོག་མི་གཞན་གྱི་མིང་ཡོད་པ་མཐོང་ཚེ་ཁང་པ་དེ་ཐུན་མོང་ལ་དབང་བའི་ཁང་པ་ཡིན་པ་གསལ་བཤད་ཐུབ་ཀྱི་ཡོད་པས། ཁང་པ་ཉོ་སྐབས་མི་ཚང་མའི་ཡིག་ཐོག་གི་མོས་མཐུན་ཐོབ་ཚེ་གཞི་ནས་ཉོ་ཆོག་པ་དང་གལ་ཏེ་ཕྱོགས་གཅིག་གི་མོས་མཐུན་བྱས་མེད་ན་ཕྱོགས་གཅིག་ཤོས་ཀྱིས་ཁང་པ་འཚོང་དབང་མེད།