༄༅།།ཨ་ཁུ་ཁྲོ་ཐུང་གི་ཕྱི་ཁུང་ནང་ནས་བླངས་པའི་གླུ།

ཡོང་ཁུངས། ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས།
མི་གསལ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡ ཚེས་ ༡༣

གླུ་ཐ་ལ་ཐ་ལ་ཐ་ལ་ལེན། །
གླུ་ཨ་ལ་ཨ་ལ་ཨ་ལ་ལེན། །
གླུ་ཐ་ལ་ཐར་བའི་རྒྱུད་ནས་དྲོངས། །
གླུ་ཨ་ལ་བྱང་ཆུབ་རྒྱུད་ནས་དྲོངས། །
ཚིག་འབྲུ་དྲུག་རིག་པའི་ཀློང་ནས་འདྲེན། །
ལྷ་རྟ་མགྲིན་དམར་པོ་མཐུ་སྟོབས་ཅན། །
ང་ཁྲོ་ཐུང་གླུ་ལ་ལེན་རོགས་མཛོད། །
ས་འདི་ཡི་ས་ངོ་མ་ཤེས་ན། །
རྫོང་བཙན་པོ་འཕྱི་བའི་ཨ་ཁུང་རེད། །
ལར་འཕྱི་ཁུང་བསྙེགས་པའི་ཁྲོ་ཐུང་ངའི། །
ལུས་འདར་བ་སྒང་ཁའི་དར་ལྕོག་རེད། །
ངག་འདར་བ་ཤིང་ལོ་རླུང་འཁྱེར་རེད། །
ཡིད་འདར་བ་ཆུ་ནང་ཟླ་གཟུགས་རེད། །
སྐུ་མི་འགྱུར་སེང་ཆེན་རྒྱལ་པོ་ལགས། །
ང་འཕུང་འདྲེ་ཁྲོ་ཐུང་འཆི་མེད་ལ། །
གསུང་དྲག་པོ་དེ་འདྲ་འབྱོན་མི་འོས། །
ང་བསད་ཀྱང་ཁྭ་ཏ་བསད་པ་འདྲ། །
མཁོ་ངེས་པ་ཤ་སྒྲོ་གང་ཡང་མེད། །
རྗེ་སྤྱི་དཔོན་རོང་ཚ་ཁྲ་རྒན་ཁྱེད། །
མཐོ་ལྷ་མིའི་བར་ནས་འཕྲིན་པ་གྱིས། །
དམར་རྭ་ཤིང་བར་ནས་འབྱར་རྩི་གྱིས། །
ང་འཕུང་རྒན་སྲོག་གི་སྐྱབས་གནས་ཞུ་ཞེས་ཟེར་བར། །
སྤྱི་དཔོན་གྱིས་ཁྱོད་ལ་འདི་དགོས་ངེས་གཅིག་ཡིན་ཟེར། །
གླིང་ཕོ་མོ་ཐམས་ཅད་ཀྱིས་ཧབ་བགད་དི་རི་རི་བྱུང་ངོ་། །
དེང་རྟ་རྐྱང་རྒོད་ཀྱིས་ཁ་གནམ་ས་བརྡབས་འདྲ་ཞིག་གདངས། །