༄༅།།རྟ་བཅོས་རིན་ཆེན་སྒྲོན་མེ།

ཡོང་ཁུངས། མཚོ་སྔོན་པོའི་དྲ་བ་ལས་དྲངས།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༢༩

«རྟ་བཅོས་རིན་ཆེན་སྒྲོན་མེ།»ཞེས་པའི་འདི་ནི་ཡི་གེ་རི་མོ་གཉིས་ལས་གྲུབ་ཅིང་། ལོ་རྒྱུས་སྟེང་གི་དུས་ཚོད་རིང་པོ་འདས་པའི་དཔེ་རྙིང་ཞིག་རེད དཔེ་རྙིང་འདིའི་དབུ་མེད་ཀྱི་ཡིག་གཟུགས་མཛེས་ཉམས་དོད་པོ་ཡོད་ལ་རི་མོ་ཡང་གསོན་ཉམས་དོད་ལ་ཆ་ཚང་བའི་དཔེ་རྙིང་རྩ་ཆེན་ཞིག་རེད་འདུག དཔེ་ཆ་འདི་ལ་བསྡམས་པས་ཤོག་གྲངས་གོ་དགུ་ཡོད་ཅིང་ཁ་ཤོག་དང་རྒྱབ་ཤོག་སོགས་ལ་བལྟས་པ་ཙམ་གྱིས་ལོ་རྒྱུས་ཡུན་རིང་ཡོད་པ་ཤེས་ཐུབ། འདི་ལ་ཚབ་མཚོན་ཙམ་གྱིས་དེབ་ངོས་དགུ་ཙམ་བཀོད་ཡོད།