༄༅།།མཐོ་སྒང་གི་གནའ་མཁར་ངོ་སྤྲོད།

ཡོང་ཁུངས། ངེད་དྲ་བ་ནས་སྤེལ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༡ ཚེས་ ༢༠

དེང་དུས་ཁམས་ཁུལ་དུ་གནའ་བོའི་མཁར་ཤུལ་མང་དྲགས་པས་དེ་དང་འབྲེལ་བའི་རིན་ཐང་ཅན་གྱི་ཚོན་རིས་མི་ཉུང་བ་ཞིག་མཇལ་རྒྱུ་ཡོད་པ་དེ་དག་ངོ་སྤྲོད་རགས་བསྡུས་ཙམ་ཞིག་ཞུ་བ་ལ་མཁར་རྫོང་དེ་དག་གི་ཕྱི་ཡི་བཟོ་རྩལ་གྱིས་གྲུབ་ཆའི་ཁྱད་པར་དང་། ནང་གི་རི་མོའི་ཉམས་དང་མཛེས་རྩལ།  གསང་བ་ལོ་རྒྱུས་ཀྱི་རིན་ཐང་བརྗོད་པ་དང་གསུམ་ལས།  
དང་པོ།  གནའ་བོའི་མཁར་རྫོང་གི་བཟོ་བཀོད་ཀྱི་ཁྱད་ཆོས་ལ་དཔྱད་པ།
སྤྱིར་རང་རེ་བོད་ཀྱི་ཡུལ་གྲུ་ཁག་སོ་སོ་ན་མཐོང་ཐོས་སུ་གྱུར་པའི་མནའ་མཁར་གྱི་གྲངས་མི་ཉུང་བ་ཞིག་ཡོད་པ་ནི་གོར་མ་ཆགས་ལ། མཁས་དབང་ནམ་མཁའི་ནོར་བུའི་ཞང་བོད་ལོ་རྒྱུས་ཏི་སེ་འོད་ལས་ཡ་ཐོག་ཞང་ཞུང་རྒྱལ་རྒྱུད་བྱ་རུ་ཅན་བཅོ་བརྒྱད་ཀྱི་ཐོག་མར་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་གྱི་རྒྱལ་པོ་དེའི་གངས་ཏི་སེའི་མདུན་རི་སྤོས་ངད་ལྡན་པའི་རྩ་བ། མཚོ་མུ་ལེ་འཁྱུད་ཀྱི་འགྲམ། ག་ལྗང་གཡུ་ལོ་རྗོང་མཁར་ཞེས་བྱ་བ་དེ་བཞེངས་པ་གྲགས་ལ་ཕོ་བྲང་དེའི་རྗེས་ཤུལ་ད་ལྟའང་མཇལ་རྒྱུ་ཡོད་ཅེས་གསུངས་པ་དང་།  རྒྱལ་པོ་དེ་ནི་གཤེན་རབ་མི་བོ་ཆེའི་དངོས་སློབ་དང་བོན་གྱི་བསྟན་པའི་སྦྱིན་བདག་ཁྱད་པར་ཅན་ཞིག་ཡིན་པ་གསུངས་ལ་། དེ་རྗེས་སྤུངས་རྒྱུང་གྱེར་གྱི་རྒྱལ་པོ་བྱི་རུ་འོད་ཀྱི་བྱ་རུ་ཅན་དུ་གྲགས་པ་དེས་ཞང་ཞུང་པུ་མར་ཧྲེང་གི་ཡུལ་ལམ་དེང་དུས་ཡོངས་གྲགས་སུ་པུ་ཧྲེང་ངམ་པུ་རང་ཞེས་བྱ་བའི་ཡུལ་ཁམས་དེར་སྟག་ཆེན་རྔམ་རྫོང་མཁར་ཞེས་བྱ་བའི་མཁར་རྫོང་ཞིག་ཀྱང་བཞེངས་པ་གྲགས་ལ།  དེ་སྐབས་སུ་བཞེངས་པའི་ཏི་སེ་ནས་ཞག་ལམ་ཙམ་གྱི་མཚམས་སུ་ བླ་ཆེན་དྲན་པའི་སྒྲུབ་གནས་ཁྱུང་ལུང་དངུལ་མཁར་ཞེས་བྱ་བའི་མཁར་སོགས་ཡ་ཐོག་བོན་གྱི་འདུ་གནས་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་སའི་ཆར་གཏོགས་སུ་མནའ་མཁར་མང་ཙམ་བཞེངས་ཡོད་པ་གནའ་བོའི་ལོ་རྒྱུས་རྣམས་སུ་གསལ་བར་འཁོད་ཡོད་ཅིང་། དེང་དུས་ཡོངས་གྲགས་སུ་མཁར་དང་པོ་ཡུམ་བུ་བླ་མཁར་ཞེས་པུ་རྒྱལ་ཐོག་མར་གཉའ་ཁྲི་བཙན་པོའི་གདན་སའི་ལ་སྔ་བ་བཏབ་སྟེ་མཁར་རྫོང་བརྩིགས་ཞེས་གྲགས་ལ། མི་ལོ་སུམ་སྟོང་དགུ་བརྒྱའི་ཡར་སྔོན་ནས་མཁར་རྫོང་བཞེངས་པའི་སྲོལ་དེ་དར་ཡོད་པ་ར་སྤྲོད་བྱེད་ཐུབ། མཁར་རྫོང་དེ་དག་ལ་རྣམ་པ་དང་རིགས་ཀྱི་སྒོ་ནས་དབྱེ་ན་དགྲ་མཁར་དང་བརྟེན་མཁར་དམངས་མཁར་གསུམ་དུ་དབྱེ་རུང་བར་སེམས་ལ། སྐབས་དེར་བཞེངས་པའི་དགྲ་མཁར་ནི་ཕྱི་དགྲ་བོའི་གནོད་འཚེ་འགོག་པར་བྱེད་པའི་རྒྱལ་པོའི་བཙན་རྫོང་ལྟར་ཟུར་གསུམ་དང་གྲུ་བཞི་ཟུར་བརྒྱད་དང་ཟུར་བཅུ་གསུམ་ཅན་དེ་དག་ཐོག་བརྩེགས་རིམ་པ་དགུ་དང་བཅུ་གསུམ་བཅུ་དྲུག་བཅུ་དགུ་སོགས་གཉིས་གཤིབ་དང་སུམ་གཤིབ་ཅན་མ་ངེས་པར་བཞེངས་སྲོལ་ཡོད་ལ།  ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་ཇག་དང་ཆོམ་རྐུན་སོགས་འགོག་པའི་སླད་དུ་མེས་པོ་དེ་དག་གིས་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་རིག་སྟོབས་ཀྱི་བཞེངས་པའི་ངོ་མཚར་སྟོང་གི་བརྗིད་ཉམས་དང་མཛེས་སྡུག་བསྐྲུན་པའི་བརྟན་བརླིང་གི་གནའ་ཤུལ་དེ་དག་ཐུན་མིན་གྱི་རྡོ་བཟོའི་ལག་རྩལ་མངོན་ཡོད་ཅིང་། བརྟེན་མཁར་ནི་ནང་དུ་ཆོས་ལུགས་དང་འབྲེལ་བའི་སྐུ་གསུང་ཐུགས་རྟེན་སོགས་བཞེངས་ཏེ་དེ་ལ་མཆོད་འབུལ་དང་ཕྱག་སྐོར་བྱེད་སའི་དད་རྟེན་གྱི་ཆེད་དུ་བཞེངས་སྲོལ་ཡོད་པར་ཚོད་དཔག་བྱེད་ཐུབ་ལ། དམངས་མཁར་ནི་རྒྱུན་སྡོད་བྱེད་སའི་ཁྱིམ་གཞིས་བསྐྲུན་པར་བྱས་ཏེ་བཞེངས་པ་ཞིག་ཡིན།   མནའ་མཁར་དེ་དག་གི་རྨང་ནས་རྩེའི་བར་ཐིག་བཏབ་པ་ལྟར་འབར་འབུར་དང་ཡ་ཡོ་མེད་པར་གནམ་གྱི་ཀ་བ་འདེགས་པ་བཞིན་འགྱིང་ངེར་བཞུགས་ཡོད་པ་དང་།  ཐོག་བརྩེག་རེ་རེའི་མཚམས་སུ་ཕྲད་བཏུབས་ལྟར་པང་ལེབ་སྲབ་མཐུག་ཞོ་གང་ཡན་མས་ཙམ་གྱིས་གྱུན་ཁྲིད་པ་ལྟར་སྟེང་འོག་མཚམས་ཕྱེས་པར་བྱས་ཏེ་ཐོག་བརྩེགས་རེའི་དབུས་སུ་སྐར་ཁུང་རེ་དང་སྒོ་ཆུང་རེ་བཞག་སྟེ། སྐར་ཁུང་དེ་དག་གི་ཐོག་བུམ་སྒོ་ལྟར་བྱས་པའི་ནང་དབུས་སུ་ཤིང་བརྐོས་བྱས་པའི་འཁོར་ལོ་དང་གཡས་གཡོན་གཉིས་སུ་རྨ་བྱ་བྱས་པ་དང་དེ་ནས་སྟེང་ཐོག་རིམ་པ་བཞིན་དུ་དབུས་སུ་རྡོ་རྗེ་དང་གཡས་སུ་མཁའ་ལྡིང་གི་འབུར་བརྐོས་དང་ད་དུང་དབུས་སུ་ཡི་གེ་ཨ་ལས་གཡོན་གཡས་སུ་གླང་ཆེན་དང་སེང་གེ་རྟ་མཚོག་སོགས་ཀྱིས་ཁྲི་རྒྱན་ལྟར་བཀོད་ཡོད་ལ་གཞིག་ན།  དེའི་སྐབས་སུ་བཞེངས་པའི་མཁར་རྫོང་དག་གིས་མཚོན་སྟངས་ལྟར་ན་ནང་ཆོས་དང་འབྲེལ་བ་ཤིན་ཏུ་ཟབ་པའི་མངོན་ཚུལ་ཞིག་ཁོ་བོས་མཐོང་སྟེ།  གཉིས་མེད་རྡོ་རྗེའི་མཚན་བརྗོད་སྒྲུབ་ཐབས་ལྟར་ན། སྐར་ཁུང་སྟེང་གི་འབུར་བརྐོས་དེ་དག་ལ་གཞིབ་ཚེ་རྨ་བྱས་འདོད་ཆགས་མཚོན་ཞིང་འདོད་ཆགས་རྣམ་པར་དག་པ་སོར་རྟོགས་ཡེ་ཤེས་ཡིན་ལ་སོར་རྟོགས་ཡེ་ཤེས་ཀྱི་ངོ་བོ་དག་པ་འོད་དཔག་མེད་ཀྱི་གཟུགས་སྐུ་སྣང་བ་དང་།  འདོད་ཆགས་ཀྱིས་རྟོགས་པ་ཞབས་སུ་ནོན་པའི་བརྡ་འོད་དཔག་མེད་ཀྱི་གདན་ཁྲིར་རྨ་བྱ་བྱས་པའི་རྒྱུ་མཚན་ཡང་དེ་ཡིན།  དེ་བཞིན་དུ་སེང་གེས་གཏི་མུག་མཚོན་ཞིང་གཏི་མུག་རྣམ་པར་དག་པ་ཆོས་དབྱིངས་ཡེ་ཤེས་ཏེ་རྣམ་སྣང་གི་སྐུ་སྣང་བ་ཡིན་ལ་དེ་བཞིན་དུ་གཏི་མུག་ཞབས་སུ་ནོན་པའི་བརྡ་སེང་གེའི་ཁྲི་བཞེངས་པའི་རྒྱུ་མཚན་དེ་ཡིན།  དེ་ནས་གླང་ཆེན་གྱིས་ཞེ་སྡང་མཚོན་ལ་ཞེ་སྡང་རྣམ་པར་དག་པ་མེ་ལོང་ཡེ་ཤེས་ཏེ་རྡོ་རྗེ་སེམས་དཔའི་སྐུ་སྣང་བ་ཡིན་ལ་དེ་ལྟར་ཞེ་སྡང་གི་རྟོགས་པ་ཞབས་སུ་ནོན་པའི་བརྡ་གླང་ཆེན་གྱི་གདན་ཁྲི་བཞེངས་པའི་རྒྱུ་མཚན་ཡང་དེ་ཡིན།   རྟ་མཆོག་གིས་ང་རྒྱལ་མཚོན་ཞིང་ང་རྒྱལ་རྣམ་པར་དག་པར་མཉམ་ཉིད་ཡེ་ཤེས་ཏེ་རིན་ཆེན་འབྱུང་ལྡན་གྱི་སྐུ་སྣང་བ་ཡིན་ལ་དེ་ལྟར་ཞེ་སྡང་གིས་རྟོགས་པ་ཞབས་སུ་ནོན་པའི་བརྡ་རྟ་མཆོག་གི་གདན་ཁྲི་བཞེངས་པ་བྱེད་པའི་རྒྱུ་མཚན་ཡང་དེ་ཡིན།  མཁའ་ལྡིང་གིས་ཕྲག་དོག་མཚོན་ལ་ཕྲག་དོག་རྣམ་པར་དག་པ་བྱ་གྲུབ་ཡེ་ཤེས་ཏེ་དོན་ཡོད་གྲུབ་པའི་སྐུ་སྣང་བ་ཡིན་ལ་དེ་ལྟར་ཕྲག་དོག་གིས་རྟོགས་པ་ཞབས་སུ་ནོན་པའི་བརྡ་མཁའ་ལྡིང་གི་གདན་ཁྲི་བཞེངས་པའི་རྒྱུ་མཚན་ཡང་དེ་ཡིན།  ཨ་ཡིག་གིས་དོན་དམ་པར་ཆོས་ཐམས་ཅད་ཆོས་སྐུ་སྐྱེ་བ་མེད་པའི་དོན་མཚོན་ཞིང་དེའི་ངང་ལས་མ་གཡོས་བཞིན་རྟེན་ཅིང་འབྲེལ་བ་འབྱུང་བའི་ཆོས་ཅན་གྱི་སྣང་བར་རྒྱལ་བ་རིགས་ལྔའི་སྐུ་དང་ཡེ་ཤེས་སུ་རྩལ་གྱིས་སྣང་བ་འགག་མེད་རིག་པའི་རྒྱན་དུ་ཤར་བ་མཚོན་བྱེད་ཀྱི་གཟུགས་རིས་དེ་དག་བཞེངས་ཡོད་པ་ཐེ་ཚོམ་མེད་པར་རྗེས་སུ་དཔག་ཐུབ་པ་ཞིག་རེད།  མནའ་མཁར་དེ་དག་ལས་འགའ་ཞིག་ཐོག་བརྩེགས་གསུམ་པའི་ཤར་ངོས་སུ་གཞི་ནས་སྒོ་བཞག་ཡོད་པ་མ་གཏོགས་བརྩེགས་འོག་མ་དེ་དག་ལ་སྒོ་གཏན་ནས་འཇོག་སྲོལ་མེད་པ་དེ་དག་ལ་གཞིག་ན་དགྲ་མཁར་གྱི་རིགས་སུ་རྟོགས་པ་ཡིན་པ་ཐེ་ཚོམ་མེད་དེ། གནའ་བོའི་རྒད་པོ་རྒན་མོ་དེ་ཚོའི་ངག་རྒྱུན་ལྟར་ན་དེའི་སྐབས་སུ་མཁར་རྫོང་དེ་དག་གི་ནང་དུ་ཟས་གོས་ཀྱི་རིགས་དང་ཆུ་ཡང་ནང་དུ་ཁྲིད་ཡོད་ཅེས་འཚོ་བར་སྤྱད་བྱེད་ཐོག་མར་ནས་དཀའ་ཚེགས་མེད་པར་བསོགས་འཇོག་བྱས་ཡོད་ལ་ད་དུང་དཔའ་བོའི་གོ་མཚོན་སྣ་དགུ་སོགས་འཇོག་ཡོད་པའི་གཏམ་དུ་སྣང་་བས་དེའི་དུས་སུ་དགྲ་དོགས་ཆེ་བའི་སྐབས་ཤིག་དང་ཁེལ་ནས་རྒྱང་སོ་མཐོང་བའི་ཐོག་བརྩེགས་མང་པོ་བསྐྲུན་ཏེ་མདའ་མཚོན་གྱིས་འབིགས་ཤིང་གཏོར་ཐབས་བྲལ་བའི་རྡོ་མཁར་གྱི་བཙན་རྫོང་བཞེངས་སྲོལ་ཡོད་པའི་རྟགས་སུ་སྣང་།  མི་རབས་དེ་དག་ལ་རྣམ་དཔྱོད་དང་བློ་གྲོས་ཀྱིས་རྩལ་སྤྲུག་པའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པའི་བདེན་དཔང་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་འབྱུང་བཞིའི་འཇིག་པ་ལས་གྲོལ་ཞིང་ད་དུང་གཡོ་འགུལ་མེད་པར་སྲ་མཁྲེགས་རྡོ་རྗེའི་རང་བཞིན་གྱི་ཁམས་ལྟར་གཏན་རླིང་གི་ངང་འགྱིང་ངེར་གནས་ཐུབ་ཡོད་པ་འདི་རེད།  རྒྱལ་རོང་སོགས་ས་གནས་འགའ་རེའི་མནའ་མཁར་གྱི་ངོས་སུ་རྡོ་དཀར་གྱིས་ཕྲ་བཙུགས་པའི་རྡོ་རྗེའི་གཟུགས་དང་གཡུང་དྲུང་དང་རྟ་མཆོག་གི་གཟུགས་རིས་སོགས་བཀྲ་ལམ་མེར་མངོན་ཡོད་པ་དང་།  གཞན་ཡང་ད་དུང་རྡོ་དཀར་གྱིས་ཉི་ཟླ་སྐར་གསུམ་གྱི་རིས་འབྲུ་གསུམ་ས་བོན་གྱི་རིས་དང་ཡི་གེ་《རྐ》་ཡིག་སོགས་མཐོང་རྒྱུ་ཡོད་པས་དེ་དག་ལ་བརྟག་ན་གོང་དུ་ཞུས་པ་བཞིན་རྡོ་རྗེ་སོགས་གཟུགས་རིས་དེ་དག་གིས་རིགས་ལྔའི་ཕྱག་མཚན་མཚོན་པ་དང་།  ཡང་ན་རྡོ་རྗེའི་གཞོམ་གཞིབ་དང་བྲལ་བའི་དོན་མཚོན་ལ་གཡུང་དྲུང་གཟུགས་རིས་ཀྱིས་འགྱུར་བ་མེད་པའི་དོན་སོགས་མཚོན་ཡོད་པ་ཡིན་ཏེ།  མནའ་མཁར་དེ་ལ་གནས་བཅས་པའི་མི་རིགས་དེ་དག་ལ་ཕས་རྒོལ་གྱི་དགྲ་ཡིས་དཔུང་གི་གནོད་མི་ཚུགས་པ་མཁར་རྫོང་དེ་དག་སྲ་བརྟན་གྱི་རང་བཞིན་ལྡན་པའི་བརྡ་གཞོམ་གཞིབ་དང་བྲལ་བའི་རྡོ་རྗེའི་རྟགས་ཀྱིས་མཚོན་པ་བྱས་ཡོད་ལ།  བརྗིད་ཆགས་དང་བརྟན་བརླིངས་ཀྱི་ངང་ནམ་ཡང་འགྱུར་བ་མེད་པའི་བརྡ་གཡུང་དྲུང་རིས་ཀྱིས་མཚོན་པར་མངོན་ནོ།། དེས་མ་ཚད་དེ་སྐབས་རྒྱལ་རོང་གི་ཕྱོགས་སུ་བོན་ཆོས་ཀྱི་ལྟེ་བ་ལྟ་བུར་གྱུར་ཡོད་སྟབས་གཡུང་དྲུང་ནི་བོན་ཆོས་ཀྱི་སྙིང་པོའི་དོན་མཚོན་པའི་རྟགས་སུ་སྣང་བས་གྲུབ་མཐའ་གང་ལ་གནས་བཅས་པའི་རང་རང་གི་དད་པས་དྲངས་བའི་གྲུབ་མཐའི་རྟགས་སམ་མཚན་མ་སྟོན་པ་ཡིན་ངེས་པ་སེམས་སོ།།  དེ་ལྟར་མནའ་མཁར་དེ་དག་གཅིག་མཚུངས་སུ་མ་ཡིན་པར་བཟོ་དབྱིབས་ཐུན་མིན་གྱི་གྲུབ་ཆ་རེ་མངོན་ཡོད་སྟབས་རེས་འགའ་མཁར་ཟུར་བཞི་ཅན་གྱི་ངོས་བཞིའི་རྩེར་གླང་སྣ་ཐུར་དུ་དཔྱང་བའི་རྣམ་པར་བློ་འབུར་ཅན་དང་། རྩ་བ་ནས་རྩེ་མོའི་བར་གྲུ་བཞི་ཤོ་ལྟར་གྱེན་འགྲེང་མཁའ་ལ་བསྙེགས་པ་ཅན་དང་།   ཟོ་བ་མཁའ་ལ་བཏགས་པ་ལྟ་བུའི་ཟླུམ་གཟུགས་ཅན་གྱིས་དབྱིབས་དང་། མངོན་སྤྱོད་ལས་ཀྱི་དྲག་པོའི་གཏོར་ཟོར་གྱེན་དུ་བཏེགས་པ་ལྟ་བུའི་ཟིལ་རྔམ་འཕྲོ་བའི་ཆོས་འབྱུང་གི་དབྱིབས་ཅན་སོགས་མདོར་ན་ཞི་རྒྱས་དབང་དྲག་སོགས་ཀྱི་ཕྲིན་ལས་ལ་ཐོགས་པ་མེད་པར་གེགས་མེད་ལྷུན་གྱིས་གྲུབ་པ་མཚོན་པའི་རྟགས་སུ་བཞེངས་པར་བྱས་ཡོད་པ་དང་།  གནའ་མཁར་འགའ་ཞིག་ནི་ཕུལ་བྱུང་གི་རྡོ་བཟོའི་ལག་རྩལ་ལས་ཐོན་པའི་བརྗིད་ཉམས་ལྡན་པའི་མཁར་གྲུ་བཞི་ཐོག་བརྩེགས་རིམ་པ་ལྔ་ལས་གྲུབ་པའི་ལྕོག་ཆེན་མཁའ་ལ་འགྱིང་ངེར་སྙེག་པའི་འཁོར་བད་རིམ་པ་གཉིས་ལས་ཁང་བརྩེགས་གསུམ་པའི་བྱ་འདབ་ཀྱི་འཁོར་བད་ལ་ཁྱམས་ཀྱི་ར་བས་བསྐོར་ཞིང་ཁང་བརྩེགས་བཞི་པའི་འཁོར་བད་ལ་བྱ་འདབ་དང་འབྲེལ་བའི་གདུང་སྣེ་རྒྱ་གྲམ་གྱི་དབྱིབས་ལྟར་བྱས་པའིལྟེ་བར་འཁོར་བད་འོག་མའི་ཀ་བས་བཏེགས་པའི་མཛེས་སྡུག་བསྐྲུན་ཡོད་པ་ཡིན་ལ།  མནའ་མཁར་དེ་དག་ཕལ་ཆེར་ས་ཁམས་ཆགས་སའི་གནས་འགག་སྒོ་དང་ལམ་འཕྲང་དོག་ས་དང་རི་ཡི་གདོང་སྣ་སོགས་སུ་བཞེངས་པ་བྱས་ཡོད་པས།  གནས་དེ་དག་ཏུ་བཞེངས་པའི་རྒྱུ་མཚན་ཡང་མནའ་མིའི་ངག་སྒྲོས་ལྟར་ན་དེའི་དུས་སུ་དགྲ་ཇག་གི་གནོད་འཚེ་མང་བས་དེའི་རྐྱེན་གྱིས་ས་ཆ་དེ་དག་ལས་དགྲ་མགོ་མཐོང་མ་ཐག་མཁར་རྫོང་གི་རྩེ་ནས་དུ་བ་བཏང་ནས་ཡུལ་དེར་སྔོན་བརྡ་བྱེད་པའི་སྲོལ་ཡོད་པ་གྲགས་ཞེས་བཤད་དོ།། དེའི་དུས་སུ་མཐོན་པོ་གནམ་གྱི་ཀ་བ་ལྟར་མཁར་དེ་དག་བཞེངས་དགོས་པའི་རྒྱུ་མཚན་ཅི་ཡིན་སྙམ་ན་དེ་སྐབས་སུ་རང་རང་གིས་སྟོབས་འབྱོར་དང་མངའ་ཐང་སོགས་ཀྱི་ཁྱད་པར་ལ་ལྟོས་ནས་དེ་མཚུངས་ཀྱི་མཁར་རྫོང་ཡང་བཞེངས་སྲོལ་ཡོད་ཅེས་གྲགས་སོ།།  
བྱེ་བྲག་ཏུ་ཁམས་ཁུལ་གྱི་མནའ་བོའི་མཁར་རྫོང་མང་ཆེ་ས་ནི་རོང་བྲག་རྫོང་དང་དར་མདོ་རྫོང་གི་མངའ་ཁོངས་མི་ཉག་གི་སའི་ཆར་གཏོགས་པ་གཉིས་ཡིན་ལ།  ས་གནས་དེ་གཉིས་ལ་དེང་དུས་མནའ་ཤུལ་གྱི་རྡོ་མཁར་ཧ་ཅང་མང་བས་རྡོ་མཁར་དེ་དག་ལ་ཚད་མཐོན་པོའི་བཟོ་རྩལ་གྱི་ཁྱད་ཆོས་ལྡན་ཞིང་རིག་གནས་དང་ལོ་རྒྱུས་ཀྱི་གཏམ་གྱིས་ཕྱུག་པའི་མེས་པོའི་མཛད་རྗེས་མངོན་ཡོད་ནའང་ལུང་པའི་འདའ་དང་རི་ཡི་ཁུག་སོགས་ལམ་ཀྱོག་གིས་ཆོད་ནས་ད་ལྟ་ཉར་ཚགས་བྱེད་སྟངས་ལ་ལྟས་ན་རིན་ཐང་དེ་ཙམ་མི་ཤེས་པའི་རྒྱུ་མཚན་མང་པོ་ཞིག་གི་ཉམས་རྒུད་དུ་འགྲོ་བར་དོགས་ནས་ཁོ་བོའི་མཁར་རྫོང་དེ་དག་གི་ལོ་རྒྱུས་དང་རིན་ཐང་བསྡུས་དོན་ཙམ་འདི་རྒྱུ་རྐྱེན་དེ་དག་ལ་བརྟག་ནས་ཞུས་པ་ཡིན། འདི་དག་གི་འཕྲོས་དོན་ཉུང་བསྡུས་ཤིག་ད་དུང་འོག་ནས་འབྱུང་བས་འདིར་མ་སྤྲོས་སོ།
་དུས་ཁམས་ཁུལ་དུ་གནའ་བོའི་མཁར་ཤུལ་མང་དྲགས་པས་དེ་དང་འབྲེལ་བའི་རིན་ཐང་ཅན་གྱི་ཚོན་རིས་མི་ཉུང་བ་ཞིག་མཇལ་རྒྱུ་ཡོད་པ་དེ་དག་ངོ་སྤྲོད་རགས་བསྡུས་ཙམ་ཞིག་ཞུ་བ་ལ་མཁར་རྫོང་དེ་དག་གི་ཕྱི་ཡི་བཟོ་རྩལ་གྱིས་གྲུབ་ཆའི་ཁྱད་པར་དང་། ནང་གི་རི་མོའི་ཉམས་དང་མཛེས་རྩལ།  གསང་བ་ལོ་རྒྱུས་ཀྱི་རིན་ཐང་བརྗོད་པ་དང་གསུམ་ལས།  