པི་ཝང་ཞབས་བྲོ་འཁྲུག །རིག་གནས་སྟོན་མོ་མཚར།
ཡོང་ཁུངས། ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༥ ཚེས་ ༢༧
ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ལ“པི་ཝང་གི་ཕ་ཡུལ”ཞེས་འབོད་ཀྱི་ཡོད། སྔར་ནས་ད་བར། ས་ཆ་འདིས་ཐུན་མོང་མ་ཡིན་པའི་ས་ཁམས་ཀྱི་ལེགས་ཆ་དང་མི་ཆོས་རིག་གནས་ཀྱི་ནང་དོན་ཟབ་མོར་བརྟེན་ནས། སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་དར་སྤེལ་བཏང་ཡོད་ཅིང་། པི་ཝང་ཞབས་བྲོ་ནི་དེའི་ཁྲོད་ཀྱི་འོད་ལམ་ལམ་འཚེར་བའི་མུ་ཏིག་རྡོག་པོ་ལྟ་བུར་སྣང་། པི་ཝང་ཞབས་བྲོ་ནི་པི་ཝང་རོལ་ཆར་བྱས་ཏེ་སྐྱེས་པ་དང་བུད་མེད་ཀྱིས་མཉམ་དུ་འཁྲབ་པའི་ཞབས་བྲོ་ཞིག་རེད། ཞབས་བྲོའི་གཞས་ཚིག་གི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པ་དཔེར་ན་ངལ་རྩོལ་གྱི་རྣམ་པ་དང་། རང་བྱུང་ཁམས་ཀྱི་མཛེས་ལྗོངས། ཕོ་མོའི་བརྩེ་དུང་སོགས་ཀྱི་ནང་དོན་ཚུད་ཡོད། འདི་ནི་སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་མི་རིགས་གྲོང་ཚོའི་ཡུལ་མི་ཚོས་མི་རིགས་ཀྱི་རྒྱན་གོས་སྤྲས་ནས་སྨར་ཁམས་ཀྱི་པི་ཝང་ཞབས་བྲོ་འཁྲབ་བཞིན་པ།