༄༅།།བོད་ཀྱི་ཡིག་གཟུགས་ལས་ཧོར་ཡིག
ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ་ལས་དྲངས།
སྤེལ་དུས།: ༢༠༢༤ ལོའི་ཟླ་ ༨ ཚེས་ ༢༨

ཧོར་ཡིག་འདི་ནི་ས་སྐྱ་གོང་མ་ལྔའི་ཡ་གྱལ་འགྲོ་མགོན་འཕགས་པས་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱི་རེ་འདུན་ལྟར་སྤྱི་ལོ་༡༢༦༩ལོར་བོད་ཡིག་དབུ་ཅན་ལ་དཔེ་བལྟས་ནས་གསར་གཏོད་མཛད་པའི་སོག་ཡིག་ཡིན། སོག་ཡིག་དེ་གོང་མར་ཕུལ་བས་གོང་མ་ཐུགས་ཤིན་ཏུ་དགྱེས་ཏེ་སླད་ཐམ་གའི་རིས་སུ་ཆེད་སྤྱོད་ཆོག་པའི་བཀའ་ཕབ། ཧོར་ཡིག་དེ་མིག་ལམ་དུ་མཛེས་པ་དང་།བརྗིད་ཉམས་དོད་པོ་ཡོད་སྟབས་ཕྱིས་སུ་དགོན་སྡེ་ཁག་གི་རྒྱ་སྒོའི་མཐའ་རྒྱན་དུ་རྐོ་སྲོལ་འདུག