༄༅།།གླིང་སྒྲུང་ལས་གླིང་གྲོ་ལོ་ཚང་གི་མཁར་ཤུལ།
ཡོང་ཁུངས། ཡོངས་འཛིན་དྲ་བ་ལས་དྲངས།
སྤེལ་དུས།: ༢༠༢༤ ལོའི་ཟླ་ ༣ ཚེས་ ༡༢
གྲོ་ལོའི་མཁར་ཤུལ་ནི་གྲོ་རེངས་མཚོ་དང་སྐྱ་རེངས་མཚོ་གཉིས་ཀྱི་བར་མཚམས་སུ་ཡོད་ཅིང་། གླིང་སྒྲུང་དུ་བརྗོད་པའི་གྲོ་ལོའི་མཁར་ཤུལ་ཡིན་པར་གྲགས། མཁར་ཤུལ་དུ་སྔོན་ཆད་རྡོ་རྩིག་བཟོ་མྱོང་བའི་རྨང་རྡོའི་རྩིག་རིམ་མ་ནོག་པར་ས་འོག་ཏུ་སོང་ཡོད་པར་མཐོང་ཐུབ། མཁར་གྱི་ཕྱོགས་གཅིག་སྐྱ་རེངས་མཚོ་ཡི་བྲག་གཤམ་ལ་གཏད་ཡོད། རྒྱ་ཁྱོན་མུའུ་གཅིག་གི་ཚད་ཙམ་འདུག གནས་འདིར་སྐྱ་རེངས་ཡུལ་ཚོ་ནས་སྤྱི་ལེ་ང་དྲུག་ཡས་མས་སུ་ཡོད།