གཙོ་ངོས།
གླིང་གེ་སར།
སྒྱུ་རྩལ།
སྐྱེ་ཁམས།
དུས་དེབ།
བརྙན་ཐུང་།
གསར་འགྱུར།
汉文网站
༢༠༢༦ ལོའི་ཟླ་ ༦ ཚེས་ ༡༩ གཟའ་པ་སངས།
གཙོ་ངོས།
གླིང་གེ་སར།
སྒྱུ་རྩལ།
སྐྱེ་ཁམས།
དུས་དེབ།
བརྙན་ཐུང་།
གསར་འགྱུར།
汉文网站
མཛེས་པའི་ཝ་ཤུལ་མཚོ་ཡི་ཡུལ་ལྗོངས།
ཡོང་ཁུངས།
གངས་ལྗོངས་ཉི་གཞོན་དྲ་བ།
གངས་དབང་།
སྤེལ་དུས།:
༢༠༡༤ ལོའི་ཟླ་ ༧ ཚེས་ ༥
བརྒྱུད་སྤེལ།
ཝ་ཤུལ་མཚོ་ཡི་མཛེས་ལྗོངས་ནི་རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་མཛེས་ལྗོངས་ཀྱི་གྲུབ་ཆ་གཙོ་བོ་ཞིག་སྟེ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བརྒྱད་ཟིལ་རྫོང་གི་ནུབ་ཕྱོགས་སྤྱི་ལེ་25ཡི་མཚམས་ལ་ཆགས་ཤིང་སྤྱི་ལེ་གྲུ་བཞི་མ་400ཡོད། ཝ་ཤུལ་མཚོ་ཡི་མཐའ་སྐོར་དུ་མཆེད་མ་བཅུ་གཉིས་སུ་གྲགས་པའི་རི་བོ་མཐོན་པོ་བཅུ་གཉིས་ཀྱིས་གཙོ་བོར་བྱས་པའི་རི་དང་མཚོ། སྤང་ཐང་། ནགས་ཚལ། རྩི་ཤིང་སོགས་རི་མོར་བྲིས་པ་ལྟ་བུའི་མཛེས་པའི་རྣམ་པས་ཁེངས་པ་མ་ཟད་དབྱར་རྩྭ་དགུན་འབུ་དང་། སྙི་བ་སོགས་སྨན་རྫས་མང་ལ་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་ཀྱང་མང་པོ་གནས་བཅས་ཡོད་པས་ཀུན་གྱིས་ནོར་བུའི་བང་མཛོད་ཅེས་འབོད། གནས་དེའི་འདབས་སུ་བོད་དང་དབྱི་རིགས་མཉམ་དུ་ཞི་མཐུན་གྱིས་གནས་ཏེ་རྣམ་པར་བཀྲ་བའི་ཡུལ་སྲོལ་གོམས་གཤིས་རྒྱུན་འབྱམས་སུ་དར་བས་ཀྲུང་གོའི་བོད་དབྱིའི་བར་ཁྱམས་ཞེས་པའི་མཚན་སྙན་ཐོབ་ཡོད་དོ། །
ཕྱིར་ལོག