གཙོ་ངོས།
གླིང་གེ་སར།
སྒྱུ་རྩལ།
སྐྱེ་ཁམས།
དུས་དེབ།
བརྙན་ཐུང་།
གསར་འགྱུར།
汉文网站
༢༠༢༦ ལོའི་ཟླ་ ༦ ཚེས་ ༡༩ གཟའ་པ་སངས།
གཙོ་ངོས།
གླིང་གེ་སར།
སྒྱུ་རྩལ།
སྐྱེ་ཁམས།
དུས་དེབ།
བརྙན་ཐུང་།
གསར་འགྱུར།
汉文网站
ཧོར་བྲག་འགོའི་མཁར་གསར་མཚོ།
ཡོང་ཁུངས།
གངས་ལྗོངས་ཉི་གཞོན་དྲ་བ།
བྲག་འགོ་ཚེ་དབང་གྲགས་པ།
སྤེལ་དུས།:
༢༠༡༤ ལོའི་ཟླ་ ༦ ཚེས་ ༡༨
བརྒྱུད་སྤེལ།
དྭངས་གསལ་ཨ་སྔོན་དབྱིངས་ནས་ཉི་གཞོན་གྱི་འཛུམ་མདངས་ཟླ་བའི་མ་མར་འཕྲོས་མ་ཐག་འཇིག་རྟེན་གསར་པ་ཞིག་བསྐྲུན་པ་དང་གཉིས་སུ་མ་མཆིས། མགྲིན་ནག་ཁྲུང་ཁྲུང་དཀར་མོས་གྲེ་འགྱུར་སྙན་པའི་གླུ་དབྱངས་གྱེར། དྭངས་གཙང་ཆུ་བོའི་བཞུར་སྒྲ་ནི་འཇམ་ཐིང་ཐིང་དང་འདམ་སྐྱེས་ཀྱི་པདྨ་ལྟ་བུའི་དྲི་བསུང་དང་སྒེག་ཉམས་མེད་ལ། ཁྲི་ཤོར་རྒྱལ་མོ་ལྟ་བུའི་མཚན་སྙན་ཡང་དབེན། འོན་ཀྱང་། དེའི་གཏིང་ཚད་ནི་ཧ་ལམ་སྨི་2700ཙམ་ཟིན་པས་རྒྱ་ཁྱོན་ལ་སྨི་37420ཙམ་ཟིན།འཇམ་ཐིང་ཐིང་གི་མཚོ་ངོགས་སུ་བྱ་རིགས་སྣ་ཚོགས་ཀྱིས་གླེང་རེས་བྱེད་བཞིན་གདའ། མཐའ་འཁོར་གྱི་སྐྱེས་དགུ་སྣ་ཚོགས་ཀྱིས་མགོ་ལྕོག་ལྡེམ་བཞིན་དགའ་སྤྲོའི་འཛུམ་མདངས་སྟོན། དེ་ནི་ཚོན་མདོག་རྣམ་པར་བཀྲ་བའི་འཇའ་ཚོན་ཇི་བཞིན་ལྟ་ན་སྡུག ཁྲི་གདུགས་ཉི་མས་བརྩེ་དུང་གཏིང་ཟབ་ཏུ་བཏང་བའི་ཉམས་དང་སྒེག་པའི་ཉམས་བཅས་ཀྱི་གར་སྟབས་བསྒྱུར་ལ་ཟླ་བའི་མ་མའི་ལྟད་མོར་ཡང་གྱུར་ཏོ། གསེར་མིག་ཅན་གྱིས་བསྟོད་པའི་གླུ་དབྱངས་ལེན་བཞིན་མཚོ་དེ་ལ་ཡིད་སྨོན་དང་རེ་བ་བཅངས་ཤིང་དཔལ་ཡོན་གྱི་ལང་ཚོ་གསར་བ་བསྐྲུན། ཉི་གཞོན་གྱིས་འཛུམ་ཞལ་ངོམས་ནས་ཞལ་རས་ཀུ་ཤུའི་མདངས་སུ་འཁུ་བཞིན་དེ་ལ་གུས་བཀུར་དང་བྱམས་སྐྱོང་བྱེད། ནམ་མཁའི་ལྷ་དང་ལྷ་མོས་མེ་ཏོག་གཏོར།
ཕྱིར་ལོག