༄༅།། བློ་བཟང་རྒྱལ་གྱི་ཡིག་གཟུགས་བདམས་བཀོད།
བློ་བཟང་རྒྱལ།སྤྱི་ལོ1971ལོར་ཨ་མདོ་རེབ་གོང་སྨད་པ་ཡུལ་ཚོ་ལྷ་ཁང་སྡེ་བར་སྐྱེས། ཆུང་དུས་ནས་སྨད་པ་ཡུལ་ཚོའི་སློབ་གྲྭ་ཆུང་འབྲིང་དང་། རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ། མཚོ་སྔོན་སློབ་གསོ་སློབ་གླིང་བཅས་འགྲིམས་ཏེ་སློབ་མཐར་ཕྱིན་པ་དང་། སྔ་རྗེས་སུ་རྨ་ལྷོ་སོག་རྫོང་མི་རིགས་སློབ་འབྲིང་དང་རྫོང་སློབ་གསོ་ཅུའུ་ནས་སློབ་གསོའི་བྱ་བ་བསྒྲུབས། བྱ་བའི་ལས་ཞོར་ནས་ཡིག་གཟུགས་དང་རི་མོའི་སྒྱུ་རྩལ་ལ་སྦྱངས་བརྩོན་བྱས་ཏེ་གངས་རྒྱན་མེ་ཏོག་དང་། སྦྲང་ཆར་སོགས་ཀྱི་སྟེང་ཁོའི་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་བདམས་བཀོད་བྱས་མྱོང་། སྔ་ཕྱིར་ཁུལ་དང་ཞིང་ཆེན་རིམ་པའི་ཡིག་གཟུགས་འགྲན་བསྡུར་ཁྲོད་གྲུབ་འབྲས་མི་དམན་པ་བླངས་རྗེས་དཔང་ཡིག་ཀྱང་མང་པོ་བསྩལ་ཡོད། 2021ལོར་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བས་བསྒྲུབས་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ། ད་ལྟ་རྨ་ལྷོ་ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་ཡིན།