བོད་ཀྱི་གབ་ཚིག (2)

ཡོང་ཁུངས། དྲ་རྒྱ་ལས་བཏུས།
དམངས་ཁྲོད།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༦ ཚེས་ ༡༨



1 གྲ་བཞའ་གྲུ་བཞི་སྒོ་འདྲ་འདྲ།།
རི་མོ་ཡག་པོ་འཇའ་འདྲ་འདྲ།།        ཅི་ཁེད།
 
2  གད་ཐོག་ལུ་གུ་རྩེད་རྩེད།།
གད་ཞབས་ཁངས་འབབ་འབབ།།                      ཅི་ཁེད།
 
3 རྒྱ་མཚོའི་གཏིང་ནས་ཆུ་ཞིག་བཏུངས།   
བྲག་དཀར་སྟེང་ལ་རྗེས་ཤིག་བཞག                    ཅི་ཁེད།
 
4 བསྡམས་དང་ན་སྤར་ར་གང་།
བཏང་དང་ན་ཁྱིམ་གང་།                                   ཅི་ཁེད།
 
5 རྒྱལ་པོ་ནག་པོ་ཁྲི་ལ་བཞུགས།   
འཁོར་གཡོག་ཐམས་ཅད་དེ་ལ་འཁོར།                     ཅི་ཁེད།
 
6 ཙན་དན་སྡོང་པོའི་ཡང་རྩེ་ན།།   
གཡུ་འབྲུག་སྔོན་མོས་འཁྱུག་སྒྲིལ་བྱེད།།                      ཅི་ཁེད།